海西市
政策通知公告

藏汉双语|新型冠状病毒肺炎防控知识相关问题解答(一)

2022/08/26 1.7w 阅读 436 点赞
新型冠状病毒肺炎防控知识相关问题解答(一)

1.什么是新型冠状病毒肺炎?传染源是什么?

新型冠状病毒肺炎(新冠肺炎,COVID-19),为新发急性呼吸道传染病,已成为全球性重大的公共卫生事件。传染源主要是新型冠状病毒感染者,在潜伏期即有传染性,潜伏期1-14天,多为3-7天,发病后5天内传染性较强,人群普遍易感染。

2.新型冠状病毒的传播途径是什么?

经呼吸道飞沫和密切接触传播是主要的传播途径。接触病毒污染的物品也可造成感染。在相对封闭的环境中长时间暴露于高浓度气溶胶情况下存在经气溶胶传播的可能。由于在粪便、尿液中可分离到新型冠状病毒,应注意其对环境污染造成接触传播或气溶胶传播。

3.新型冠状病毒感染会有什么表现?

新型冠状病毒感染的一般症状有:发热、乏力、干咳,逐渐出现呼吸困难;部分患者起病症状轻微,甚至无明显发热。严重症状有:急性呼吸窘迫综合征、脓毒性休克、难以纠正的代谢性酸中毒、出凝血功能障碍。

4.新冠肺炎“十大症状”是指哪些?

新冠肺炎“十大症状”是指发热、干咳、乏力、咽痛、嗅(味)觉减退、鼻塞、流涕、结膜炎、肌痛和腹泻的症状。

5.接种新冠病毒疫苗后不用再戴口罩吗?

在人群免疫屏障没有建立起来之前,在没有完全战胜疫情之前,防控意识和防控措施不能放松。因为疫苗免疫成功率不是100%,在流行期间还会有较少部分已接种的人可能发病,且疫苗接种以后对防感染还比较弱,更多的人还会表现为无症状感染具有传染性。因此,接种疫苗后还是应该继续佩戴口罩,特别是在公共场所、人员密集的场所等;其他防护措施如手卫生、通风、保持社交距离也需要继续保持。

6.消毒“五要”是指什么?

隔离点、病人住所要进行随时消毒和终末消毒;医院、机场、车站等人员密集场所的环境物体表面要增加消毒频次;高频接触的门把手、电梯按钮等要加强清洁消毒;垃圾、粪便和污水要进行收集和无害化处理;要做好个人手卫生。

7.乘坐出租车、网约车时如何做好个人防护?

注意手部卫生,如果皮肤表面无破损,不需要佩戴手套开车门,可以用随身携带含75%医用酒精的消毒湿纸巾擦拭双手。乘车过程中,不要随意触摸车内设施,避免用未清洁的手触碰眼、鼻、口等结膜处。做好个人防护尽量在后排落座,全程佩戴口罩,打开车窗,让空气流通。减少车内攀谈。打喷嚏或咳嗽时,用纸巾遮住口鼻,或采用肘臂遮挡。建议采用非现金支付方式。


པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་སྡོམ་ཤེས་བྱའི་དྲི་བ་དྲིས་ལན།(གཅིག)གཅིག  གང་འདྲ་ཞིག་ལ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཟེར་བ་དང་འགོས་ནད་ཀྱི་མགོ་ཁུངས་ཅི་ཞིག་ཡིན།  པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ནི(པྲོག་གསར་གློ་ཚད། COVID-19)གསར་དུ་བྱུང་བའི་དབུགས་ལམ་གྱི་དྲག་ནད་འགོས་ནད་ཅིག་ཡིན་ལ། གོ་ལ་རང་བཞིན་གྱི་གནད་ཆེའི་སྤྱི་བའི་འཕྲོད་བསྟེན་གྱི་དོན་རྐྱེན་ཞིག་ཏུ་གྱུར་ཡོད། མགོ་ཁུངས་གཙོ་བོ་ནི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཕོག་མཁན་དེ་ཉིད་ཡིན། ནད་དུག་བག་ལ་ཉལ་བའི་དུས་སྐབས་ནས་འགོ་བའི་རང་བཞིན་ཡོད་ཅིང་། བག་ལ་ཉལ་བའི་དུས་ཡུན་སྤྱིར་བཏང་དུ་ཉིན1-14བར་ཡིན་ལ། མང་ཆེ་བ་ཉིན3-7བར་ཡིན། ནད་དུག་ཕོག་རྗེས་ཀྱི་ཉིན5ནང་འགོ་བའི་རང་བཞིན་ཅུང་ཆེ་བ་ཡིན། སྤྱིར་བཏང་དུ་མི་སུ་ལའང་འགོ་སླ་བ་ཡིན།    གཉིས།  པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་མཆེད་པའི་བརྒྱུད་ལམ་གང་ཞིག་ཡིན། དབུགས་ལམ་གྱི་མཆིལ་ཟེགས་དང་འབྲེལ་འདྲིས་དམ་ཟབ་ལས་མཆེད་པ་ནི་ནད་དུག་མཆེད་པའི་བརྒྱུད་ལམ་གཙོ་བོ་ཡིན། ནད་དུག་འགོས་བའི་དངོས་རྫས་ལ་རེག་ཐུག་བྱས་ནའང་འགོ་བ་ཡིན། ལྟོས་བཅོས་བཀག་སྡོམ་གྱི་ཁོར་ཡུག་ནང་དུ་དུས་ཚོད་རིང་བོར་གར་ཚད་མཐོ་བའི་དབུགས་ཞུ་སྤྱིན་ནང་ནས་དབུགས་ཞུ་སྤྱིན་བརྒྱུད་ནས་འགོ་བའང་སྲིད། བཤང་གཅིན་ཁྲོད་པྲོག་གསར་ནད་དུག་དབྱེ་དགར་བྱེད་ཐུབ་པས། ཁོར་ཡུག་བརྫད་བཟོ་དང་ཡང་ན་དབུགས་ཞུ་སྤྱིན་ལས་འགོ་བར་དོགས་ཟོན་བྱེད་དགོས།གསུམ།  པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་བར་ནད་རྟགས་གང་འདྲ་ཡོད།པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པར་སྤྱིར་བཏང་དུ་ཚ་བ་རྒྱས་བ་དང་ཐང་ཆད་པ། སྐམ་ལུ་རྒྱག་པ། དེ་ནས་རིམ་བཞིན་དབུགས་འབྱིན་རྔུབ་ལ་དཀའ་ངལ་ཡོད་པ། ནད་པ་འགའ་ཤས་ནད་འགོས་པ་ནས་ནད་རྟགས་ཆུང་ཞིང་། ཐ་ན་མངོན་གསལ་གྱི་ཚ་བ་རྒྱས་པའང་མེད།  ནད་རྟགས་ལྕི་མོ་ལ་དབུགས་འབྱིན་རྔུབ་དཀའ་ཞིང་རྣག་དུག་རང་བཞིན་གྱི་དྲན་པ་ཤོར་བ། ཡོ་བསྲང་དཀའ་བའི་རྙིང་ཚབ་གསར་བྱེད་ཀྱི་སྐྱུར་དུག་ཕོག་པ། ཁྲག་དཀག་བྱེད་ནུས་ལ་བར་ཆད་ཡོད་པ་བཅས་ཡིན།བཞི། པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཆེན་པོ་བཅུ་གང་དག་ཡིན།པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཆེན་པོ་བཅུ་ནི་ཚ་བ་རྒྱས་བ་དང་སྐམ་ལུ་རྒྱག་པ། ཐང་ཆད་པ། གྲེ་གཟེར། དྲི་ཚོར་ཉམས་པ། སྣ་འཚུབ་པ། སྣ་ལུག་པ། མིག་འབྲས་སྐྱི་མོའི་གཉན་ཚད་ལྡང་བ། ཤ་གནད་ན་བ།  ཁོག་པ་བཤལ་བ་བཅས་ཡིན།ལྔ། པྲོག་གསར་ནད་དུག་གི་འགོག་ཁབ་བརྒྱབ་རྗེས་ཁ་ཐུམ་རྒྱག་མི་དགོས་པ་ཡིན་ནམ།མི་ཚོགས་ཀྱི་རིམས་འགོག་ནུས་པ་ཐོན་མེད་པའི་སྔོན་དང་ནད་རིམས་ལས་ཡོངས་སུ་ཐར་མེད་པའི་སྔོན་དུ། འགོག་སྡོམ་འདུ་ཤེས་དང་འགོག་སྡོམ་བྱེད་ཐབས་ལྷོད་གཡེང་བྱེད་མི་རུང་། རྒྱུ་མཚན་ནི་འགོག་ཁབ་ཀྱི་ནུས་པ་ཐོན་ཚད100%མིན། རིམས་ནད་མཆེད་པའི་སྐབས་སུ་འགོག་ཁབ་བརྒྱབ་པའི་མི་ཉུང་ཤས་ལ་ནད་དུག་འགོ་བའི་ངེས་པ་ཡོད་ལ། འགོག་ཁབ་བརྒྱབ་མ་ཐག་ནད་དུག་འགོག་པའི་ནུས་པ་ཅུང་ཞན་པ་དང་། མི་མང་པོ་ཞིག་ནད་རྟགས་མེད་པའི་ནད་པ་ཡིན་པས། འགོ་བའི་རང་བཞིན་ཡོད་པ་ཡིན། དེར་བརྟེན། འགོག་ཁབ་བརྒྱབ་ཟིན་ནའང་མུ་མཐུད་དུ་ཁ་ཐུམ་རྒྱག་དགོས་ལ། ལྷག་པར་དུ་སྤྱི་བའི་འདུ་ར་དང་མི་ཚོགས་འདུ་ས་སོགས་ནས་ངེས་པར་ཁ་ཐུམ་རྒྱག་དགོས། གཞན་པའི་འགོག་སྲུང་བྱེད་ཐབས་དཔེར་ན་ལག་པ་འཁྲུ་བ་དང་རླུང་རྒྱུ་བར་བྱེད་པ། མི་དང་མིའི་བར་ཐག་ངེས་ཅན་རྒྱུན་འཁྱོངས་བྱེད་པ་སོགས་མུ་མཐུད་ནས་བརྩི་སྲུང་བྱེད་དགོས།དྲུག དུག་སེལ་གྱི་གནད་ཆེའི་བྱེད་དགོས་པ་ལྔ་ཞེས་པ་ནི་གང་ཞིག་ཡིན།ལོགས་བཀར་ས་གནས་དང་ནད་པ་སྡོད་སའི་ཁང་ཁྱིམ་དུ་རྟག་ཏུ་དུག་སེལ་དང་མཇུག་མཐའི་དུག་སེལ་བྱེད་དགོས། སྨན་ཁང་དང་གནམ་ཐང་། རླངས་འཁོར་ས་ཚིགས་སོགས་མི་སྣ་འདུས་སྡོད་བྱེད་སའི་ཁོར་ཡུག་གི་དངོས་རྫས་ལ་དུག་སེལ་གྱི་རེས་ཐེངས་ཇེ་མང་དུ་གཏོང་དགོས།  རྒྱུན་ལྡན་དུ་རེག་ཐུག་བྱེད་པའི་སྒོ་ལུང་དང་གློག་སྐས་ཀྱི་གནོན་མཐེབ་སོགས་ཀྱི་གཙང་དག་དུག་སེལ་ལ་ཤུགས་སྣོན་བྱེད་དགོས། གད་སྙིགས་དང་བཤང་གཅིན། བརྫད་ཆུ་བཅས་གཅིག་སྡུད་བྱེད་པའམ་གནོད་མེད་ཅན་དུ་བཟོ་དགོས།  མི་སྒེར་གྱི་ལག་པ་གཙང་སྦྲ་ལེགས་པོ་བྱེད་དགོས་པ་བཅས་ཡིན།བདུན། གླ་གཏོང་རླངས་འཁོར་དང་དྲ་འབོད་རླངས་འཁོར་ལ་སྡོད་སྐབས་རང་ཉིད་ཀྱིས་ཇི་ལྟར་འགོག་སྲུང་ལེགས་པོ་བྱེད་དགོས།ལག་པའི་གཙང་སྦྲར་དོ་སྣང་བྱེད་དགོས། གལ་ཏེ་ལག་པའི་ངོས་སུ་རྨ་ཁ་མེད་ན། ལག་ཤུབས་གོན་ནས་རླངས་འཁོར་གྱི་སྒོ་འབྱེད་པའི་དགོས་པ་མེད་ལ། 75%ཅན་གྱི་སྨན་བཀོལ་ཆང་བཅུད་ཀྱི་དུག་སེལ་ཤོག་བུས་ལག་པ་ཕྱིས་དགོས།  རླངས་འཁོར་དུ་སྡོད་སྐབས། རླངས་འཁོར་གྱི་ནང་ངོས་སུ་རེག་ཐུག་མི་བྱེད་པ་དང་། གཙང་འཁྲུ་མ་བྱས་པའི་ལག་པས་མིག་དང་སྣ། ཁ་སོགས་ཀྱི་འབྱར་སྐྱི་ལ་རེག་ཐུག་བྱེད་མི་རུང་།  རླངས་འཁོར་གྱི་གཞུག་སྟེགས་ནས་འདུག་པ་དང་མགོ་མཇུག་བར་གསུམ་དུ་ཁ་ཐུམ་རྒྱག་པ་དང་། རླངས་འཁོར་གྱི་སྒེའུ་ཁུང་ཕྱེ་བ། ཁ་དབུགས་རྒྱུ་བར་བྱེད་པ། རླངས་འཁོར་ནང་ཁ་བརྡ་མི་བྱེད་ཅིང་། སྣ་སྦྲིད་དང་གློ་ལུ་རྒྱག་སྐབས་ཤོག་བུས་ཁ་སྣ་བཏུམ་པའམ་ཡང་ན་ལག་ངར་གྱིས་འགོག་དགོས།  རབ་ཡིན་ན་རླངས་འཁོར་གྱི་གླ་རིན་ཁ་པར་ལས་སྤྲད་ན་ནད་དུག་འགོ་བའི་ཉེན་ཁ་ཆུང་།

མཚོ་བྱང་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་འདོན་སྤྲོད་བྱས།

མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་བསྒྱུར།

2022ལོའི་ཟླ8ཚེས26ཉིན།

免责声明: 本文信息仅供参考,具体政策以官方最新发布为准。如有疑问,请拨打相关部门咨询电话或前往官方网站查询。

标签:通知公告

评论 (2)

我
苏
苏州市民2026-03-18 15:30

非常实用的信息,感谢分享!

科
科技爱好者2026-03-18 14:20

这篇文章写得很详细,有帮助!