གྲོང་ཁྱེར་གྱི་འཁྱིལ་ཆུའི་ཉེན་ཁ་ལས་ཐར་བའི་རྒྱུན་ཤེས།城市内涝避险常识
1.སྤྱི་ཚོགས་ལས་ཁུངས་ཀྱིས་གྲོང་ཁྱེར་གྱི་འཁྱིལ་ཆུའི་ཉེན་ཁ་ཇི་ལྟར་སྔོན་འགོག་དང་ཁ་གཏད་འཇལ་དགོས་ཤེ་ན།
(1)ས་འོག་གི་སྒྲིག་བཀོད་ལ་ཆུ་འགོག་བྱེད་ཐབས་ཡག་པོ་སྤྱད་དེ་ལས་ཁུངས་ནང་ཁུལ་གྱི་ཆུ་དང་གློག སོལ་རླངས། འཕྲིན་གཏོང་། རྫས་འགྱུར་བཟོ་ལས་ཀྱི་སྦུག་ལམ་སྲ་བརྟན་དུ་བཏང་སྟེ་སྲུང་སྐྱོང་བྱེད་དགོས།
(2)ཉེན་བརྡའི་ཆ་འཕྲིན་ལ་གཞིགས་ནས་ཆུས་སྦོང་མི་རུང་བའི་དངོས་པོ་དང་སྒྲིག་ཆས་སྤོ་སྒུལ་བྱེད་པ་དང་། སྤོ་སྒུལ་བྱེད་མི་ཐུབ་པའི་དངོས་པོ་དང་སྒྲིག་ཆས་ལ་འོས་འཚམ་གྱིས་ཐག་གཅོད་དང་སྲུང་སྐྱོབ་བྱེད་དགོས། ཉེན་ཆེའི་དངོས་རྫས་དང་དུག་ལྡན་སྨན་རྫས་ལ་དོ་དམ་ཡག་པོ་བྱས་ནས་ཕྱིར་མི་ཤོར་བ་བྱ་དགོས།
(3)འཁྱིལ་ཆུའི་གནས་ཚུལ་བྱུང་སྐབས་འཕྲལ་དུ་ལས་བཟོ་པ་སྒྲིག་འཛུགས་བྱས་ནས་ཉེན་ཁའི་ས་ཁོངས་ནས་ཁ་འབྲལ་བའམ་ཡང་ན་མཐོ་རིམ་ཐོག་ཁང་དུ་ཉེན་གཡོལ་བྱེད་པར་འབྲོ་དགོས། གལ་ཏེ་བཟོ་གྲྭའི་ཁུལ་དུ་ཁང་བརྩེགས་མཐོན་པོའམ་ཉེན་གཡོལ་བྱེད་ས་མེད་ཚེ་དེ་མཚུངས་ཀྱི་གནས་སྐབས་སྲོག་སྐྱོབ་སྒྲིག་ཆས་བཟོ་དགོས།
(4)སྐོར་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་ཆུའི་གནས་ཚུལ་ལ་ལྟ་ཞིབ་དང་ལས་ཁུངས་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་དགོས།
社会单位如何防范和应对城市内涝?
(1)对地下设施要做好防水措施,对单位内的水、电、气、通信以及化工管道进行加固保护。
(2)要根据预警信息转移或架高怕水浸的物品和设备,对不能移动的物品和设备作适当的处理和保护;认真做好危险品、有毒药物的管理,防止流失。
(3)出现积水和内涝时,要迅速组织员工脱离危险区域或到高层楼群内避难,如果厂区内缺少高层建筑或避难场所,应制作相应的临时救生设备,以供急需。
(4)加强巡护,监视水情和维持单位的治安。
2.སྨན་ཁང་གིས་གྲོང་ཁྱེར་གྱི་འཁྱིལ་ཆུའི་ཉེན་ཁ་ཇི་ལྟར་སྔོན་འགོག་དང་ཁ་གཏད་འཇལ་དགོས་ཤེ་ན།
(1)རྒྱལ་སྒོའི་མདུན་དུ་འགོག་ལེབ་འཇོག་པ་དང་བྱེ་ཁུག་སྤུངས་པ། ཆུ་འཐེན་འཕྲུལ་འཁོར་སྒྲིག་སྦྱོར་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ལས་དོན་ཁུལ་དང་མཛོད་ཁང་། འཛུགས་སྐྲུན་ལས་ཡུལ་སོགས་གཙོ་གནད་དུ་བཟུང་སྟེ་སྔོན་འགོག་བྱས་ནས་སྨན་ཁང་དུ་འཁྱིལ་ཆུའི་གནོན་སྐྱོན་ཐེབས་པ་སྔོན་འགོག་བྱེད་དགོས།
(2)ཆུ་ལོག་དང་འཁྱིལ་ཆུའི་ཉེན་ཁ་ཡོད་པའི་ནད་པ་ས་བབ་ཅུང་མཐོ་བའམ་ཡང་ན་ཁང་བརྩེགས་ཅུང་མཐོ་སར་གནས་སྤོར་དགོས།
(3)སྨན་བཅོས་སྒྲིག་ཆས་དང་སྨན་རྫས། ཉལ་ཁྲི་བཅས་བཀོད་སྒྲིག་ལུགས་མཐུན་བྱེད་པ་དང་། སྨན་བཅོས་རུ་ཁག་བཙུགས་ཏེ། དྲག་ཆར་དང་འཁྱིལ་ཆུའི་ཁྲོད་ཉེན་ཁར་ཐུག་པའི་མི་སྣར་དུས་ཐོག་ཏུ་སྐྱོབ་བཅོས་བྱེད་དགོས།
医院如何防范和应对城市内涝?
(1)通过在大门口放置挡板,堆放沙袋,配备抽水机等措施,对工作区、库房和建设工地等重点布防,避免医院出现内涝积水,排除医院洪涝安全隐患。
(2)把面临洪涝危险的病人转移至地势较高或者楼层较高的区域。
(3)要合理调配医疗设备、药品以及床位,组成医疗队,对在暴雨和内涝中遇险的人员进行及时、有效的救治。
3.སློབ་གྲྭས་གྲོང་ཁྱེར་གྱི་འཁྱིལ་ཆུའི་ཉེན་ཁ་ཇི་ལྟར་སྔོན་འགོག་དང་ཁ་གཏད་འཇལ་དགོས་ཤེ་ན།
(1)ཆར་དུས་ལ་མ་ཐོན་གོང་ནས་སློབ་གྲྭའི་ཁང་པར་ཞིབ་བཤེར་ཉམས་གསོའི་ལས་དོན་ཡག་པོ་བསྒྲུབས་ནས་སློབ་གྲྭའི་ནང་གི་ལྗོན་ཤིང་ཆེན་པོའི་ཡལ་ག་གཅོད་པ་དང་། སློབ་མར་ཆུ་ལོག་སྔོན་འགོག་གི་དྲིལ་སྒྲོག་ལས་དོན་ཡག་པོ་སྒྲུབ་པ། དགེ་སློབ་སྒྲིག་འཛུགས་བྱས་ནས་ཆུ་ལོག་དང་འཁྱིལ་ཆུའི་གནོད་སྐྱོན་འགོག་ཚུལ་སྦྱོང་བ་བྱེད་དགོས།
(2)སློབ་གྲྭས་ཆུ་བཞུར་སྒྲིག་ཆས་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། དུས་མཚུངས་སུ་འགོག་ཐབས་སྤྱད་དེ་འགྲོ་ལམ་འཁྱིལ་ཆུ་སློབ་གྲྭར་བཞུར་ཡོང་བ་སྔོན་འགོག་བྱེད་དགོས། ཉེན་ཁ་ཡོད་པའི་ས་ཁུལ་དུ་གནས་པའི་སློབ་གྲྭས་སློབ་ཁྲིད་བྱེད་མཚམས་འཇོག་དགོས།
(3)ཆར་བ་འབབ་དུས་སློབ་ཁང་གི་སྒོ་དང་སྒེའུ་ཁུང་བརྒྱབ་ནས་ཐོག་དང་གློག་གིས་རྒྱག་པ་སྔོན་འགོག་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་དགོས། གལ་ཏེ་སློབ་ཁང་དུ་ཆུ་བླུགས་ནས་དུས་ཐོག་ཏུ་ཆུ་འདྲེན་མ་ཐུབ་ཚེ། མྱུར་དུ་སློབ་མ་ས་བབ་ཅུང་མཐོ་བའམ་ཡང་ན་ཁང་བརྩེགས་ཅུང་མཐོ་བའི་བདེ་འཇགས་ས་ཁུལ་དུ་གནས་སྤོར་དགོས།
(4)འཁྱིལ་ཆུའི་གནོད་སྐྱོན་བྱུང་རྗེས་སློབ་གྲྭས་དུས་ཐོག་ཏུ་གད་སྙིགས་གཙང་སེལ་གྱི་ལས་དོན་ཡག་པོ་བསྒྲུབས་ནས། སློབ་གྲྭའི་ནང་དུས་བཀག་ལྟར་དུག་སེལ་བྱས་ཏེ། སློབ་མ་དང་དགེ་རྒན་གྱི་འཐུང་ཆུ་དང་བཟའ་བཏུང་བདེ་འཇགས་འགན་ལེན་བྱེད་དགོས་ལ། ཕོ་བའི་ནད་གཞི་མི་འབྱུང་བ་བྱེད་དགོས།
学校如何防范和应对城市内涝?
(1)在雨季前,要做好校舍的检修工作,对校园的高大树木进行修剪,要做好学生的防洪涝宣传工作,组织师生参加防洪涝演练。
(2)学校要确保排水设施畅通,同时要采取围挡措施,防止道路积水涌入学校,处于危险地带的学校应当停课。
(3)下雨时,要关闭教室门窗,做好防雷、防触电工作,如果出现教室积水,无法及时排水时,要立刻转移学生至地势较高或者楼层较高的安全区域。
(4)内涝过后,学校要及时做好垃圾清运工作,对校园定时进行消毒,确保学生和老师的饮水和饮食安全,防止出现肠道疾病。
4.གནས་སྐོར་མཛེས་ལྗོངས་ཁུལ་གྱིས་གྲོང་ཁྱེར་གྱི་འཁྱིལ་ཆུའི་ཉེན་ཁ་ཇི་ལྟར་སྔོན་འགོག་དང་ཁ་གཏད་འཇལ་དགོས་ཤེ་ན།
(1)ཆར་དུས་སླེབས་ལ་ཉེ་དུས། མཛེས་ལྗོངས་ཁུལ་གྱིས་འཁྱུལ་ཆུའི་གནོད་སྐྱོན་འགོག་པའི་སྔོན་ཇུས་ཞིབ་ཕྲ་བཟོ་དགོས།
(2)མཛེས་ལྗོངས་ཁུལ་ཕྱིའི་འཛུགས་སྐྲུན་དངོས་པོ་དང་ཐག་འཁོར་ལམ། གློག་སྒྲོན་སྐུད་ལམ། ཚོང་ལས་དྲ་ཚུགས། དྲིལ་སྒྲོག་བརྡ་ཁྱབ་བྱང་བུ། མཛུབ་སྟོན་བྱང་བུ་སོགས་ལ་ཞིབ་བཤེར་བྱས་ཏེ་དགོས་ངེས་ཀྱི་ཇེ་བརྟན་དུ་གཏོང་བའི་བྱེད་ཐབས་སྤྱོད་དགོས།
(3)འཁྱུལ་ཆུའི་གནོད་སྐྱོན་འབྱུང་སླ་བའི་ས་ཁོངས་སུ་མཛུབ་སྟོན་བརྡ་རྟགས་གསལ་བོ་འཛུགས་དགོས།
(4)འཁྱིལ་ཆུའི་ཉེན་ཁ་ཡོད་པའི་སྔོན་བརྡ་གཏོང་སྐབས། མཛེས་ལྗོངས་ཁུལ་གྱི་རླུང་འཕྲིན་མ་ལག་བརྒྱུད་མཛེས་ལྗོངས་ཁུལ་ནང་གི་གནས་སྐོར་བར་དུས་ལྟར་བརྡ་རྒྱག་དགོས་པ་དང་། སྔོན་ཇུས་གཞིར་བཟུང་གནས་སྐོར་བ་གོ་རིམ་ལྡན་པའི་ངང་བདེ་འཇགས་ས་ཁོངས་སུ་ཕྱིར་འཐེན་བྱ་རྒྱུའི་བཀོད་སྒྲིག་བྱེད་དགོས།
旅游景点如何防范和应对城市内涝?
(1)雨季来临前,景区要制定详细的防内涝预案。
(2)对景区外建筑物、缆道、照明线路、商业网点、宣传广告牌、指示标牌等进行检查,采取必要的加固措施。
(3)在易发生内涝灾害的区域设立显著的指示标志。
(4)有内涝灾害预警时,要通过景点广播系统对景点内游客及时发布,按照预案及时安排游客有序撤离至安全区域。
5.སྡོད་དམངས་ཁུལ་གྱིས་གྲོང་ཁྱེར་གྱི་འཁྱིལ་ཆུའི་ཉེན་ཁ་ཇི་ལྟར་སྔོན་འགོག་དང་ཁ་གཏད་འཇལ་དགོས་ཤེ་ན།
(1)ཆར་དུས་སླེབས་ལ་ཉེ་སྐབས། གཞིས་ཁུལ་གྱིས་ཁང་བ་རྙིང་པ་དང་ཁང་པའི་ཕྱི་རོལ་གྱི་གནས་སྐབས་འཛུགས་སྐྲུན་ཇེ་བརྟན་དུ་གཏོང་དགོས་ལ། ལྗོན་ཤིང་གི་ཡལ་ག་གཅོད་དགོས།
(2)སྡོད་དམངས་ཁུལ་གྱི་ཕྱི་རོལ་དུ་སོ་ཕག་སོགས་བརྩིགས་ཏེ་ར་བ་བསྐོར་བ་དང་། སྒོ་ཆེན་ཁར་པང་ལེབ་དང་བྱེ་ཁུག་གྲ་སྒྲིག་བྱེད་པ། ཆུ་འདྲེན་འཕྲུལ་ཆས་སོགས་སྒྲིག་སྦྱོར་བྱེད་དགོས།
(3)སྡེ་ཁུལ་དུ་ཆེད་བསྐོས་མི་སྣས་གནམ་གཤིས་དང་ཆུ་ལོག་དང་འཁྱིལ་ཆུའི་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་བསྡུ་རུབ་བྱས་ཏེ། དུས་ཐོག་ཏུ་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་སྡེ་ཁུལ་གྱི་སྡོད་དམངས་ལ་སྒྲོག་པ་དང་། ལྷག་པར་དུ་སྡེ་ཁུལ་གྱི་རྒན་པ་དང་ནད་པ། དབང་བོ་སྐྱོན་ཅན་བཅས་ལ་སྲུང་སྐྱོབ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས།
居民区如何防范和应对城市内涝?
(1)雨季来临前,小区要采取措施加固小区内的危旧房屋和室外临时建筑,修剪树木枝叶。
(2)在居民区外修砌围墙,大门口放置挡板,准备沙袋,配备抽水机等。
(3)社区内要有专人收集天气及洪涝预警信息,及时将预警信息通知社区居民,特别是做好社区内老弱病残者的保护工作。
6.སྡོད་དམངས་ཀྱི་སྡོད་ཁང་དུ་གྲོང་ཁྱེར་གྱི་འཁྱིལ་ཆུའི་ཉེན་ཁ་ཇི་ལྟར་སྔོན་འགོག་དང་ཁ་གཏད་འཇལ་དགོས་ཤེ་ན།
(1)ཁྱིམ་དུ་དུས་རྒྱུན་པར་འཁྱིལ་ཆུའི་གནོད་སྐྱོན་སྔོན་འགོག་བྱེད་པའི་ཡོ་བྱད་དེ། པི་པི་དང་སྒྲ་སྡུད་འཕྲུལ་འཁོར། གློག་བཀར་དང་གློག་གཡུས། སྲོག་སྐྱོབ་གྱོན་ཆས་སོགས་གྲ་སྒྲིག་བྱེད་དགོས།
(2)གལ་ཏེ་ཁྱེད་རང་གྲོང་ཁྱེར་གྱི་གཤོང་ས་དམའ་བའི་སྡོད་ཁང་དུ་བསྡད་ཡོད་ན། དྲག་ཆར་གྱི་ཉེན་བརྡ་འབྱོར་རྗེས་ཡར་སྔོན་ནས་རང་གི་གནས་ཚུལ་ལ་གཞིགས་ཏེ་ཡུལ་བབ་དང་བསྟུན་ནས་བསྐོར་འགོག་བྱེད་ཐབས་སྤྱོད་དགོས།
(3)ཕྱི་རོལ་གྱི་འཁྱིལ་ཆུ་ཁང་པའི་ནང་དུ་བླུགས་ན། ཁང་པའི་ནང་གི་གློག་སྒོ་དུས་ཐོག་ཏུ་རྒྱག་པ་དང་། ཆུར་སྦངས་ན་ཆག་སྐྱོན་འབྱུང་སླ་བའི་དངོས་པོ་མཐོ་སར་བཞག་ནས། གང་ཐུབ་ཀྱིས་ཆུ་འདྲེན་དགོས།
(4)གལ་སྲིད་ཁང་པའི་ནང་དུ་འཁྱིལ་ཆུ་ཇེ་མང་དུ་ཕྱིན་ན་མྱུར་མོར་གནས་སྤོར་དགོས་པ་ལས་ཁང་པའི་ནང་དུ་འདུག་མི་རུང་། དེ་ལྟར་བྱས་ན་ཚེ་སྲོག་གི་ཉེན་ཁ་ལས་ཐར་ཐུབ།
居民房屋如何防范和应对城市内涝?
(1)家中需要常备的内涝防范用品有哨子、收音机、手电及电池、救生衣等。
(2)如果你住在城市低洼的居民住宅,在收到暴雨预警后,需要提前因地制宜地采取围挡措施。
(3)一旦室外积水漫入屋内,需要及时切断屋内电源与气源,把容易浸泡损坏的物品放至高处,尽量采取各种措施排水。
(4)如屋内积水加深,要及时转移,不要在屋内停留,以免有生命危险。
7.རླངས་འཁོར་སྐོར་སྐབས་གྲོང་ཁྱེར་གྱི་ནའཁྱིལ་ཆུའི་ཉེན་ཁ་ཇི་ལྟར་སྔོན་འགོག་དང་ཁ་གཏད་འཇལ་དགོས་ཤེ་ན།
(1)རླངས་འཁོར་ནང་དུས་རྒྱུན་འཁྱིལ་ཆུ་སྔོན་འགོག་བྱེད་པར་གྲ་སྒྲིག་བྱེད་དགོས་པའི་ཡོ་བྱད་ནི་པི་པི་དང་འཚུབ་བཟློག་ཐོ་བ། གློག་བཀར་དང་གློག་གཡུས། སྲོག་སྐྱོབ་གྱོན་ཆས་སོགས་ཡོད་དགོས།
(2)མདུན་ཕྱོགས་སུ་ཆུ་འཁྱིལ་བའམ་ཡང་ན་འགྲིམ་འགྲུལ་བཀག་སྡོམ་གྱི་ལམ་དུམ་འཕྲད་ཚེ། འགྲིམ་འགྲུལ་ཉེན་རྟོག་པའི་བཀོད་འདོམས་ལ་ཉན་ནས་བགྲོད་ལམ་གཞན་དག་བསྐོར་ནས་འགྲོ་དགོས། རླངས་འཁོར་ཉེན་ཁར་འཕྲད་ཚེ་དུས་ཐོག་ཏུ་རོགས་སྐྱོབ་ཁ་པར་བརྒྱབ་ནས་རོགས་སྐྱོབ་བྱ་རྒྱུར་སྒུག་དགོས།
(3)གལ་ཏེ་རླངས་འཁོར་ཆུ་ཟབ་ས་ནས་སྒྲ་གཟུམ་ཚེ། ཡང་བསྐྱར་སྒྲ་གྲག་ཏུ་འཇུག་མི་ཉན་ལ། འཕྲུལ་སྒུལ་དུ་ཆུ་མི་འགྲོ་བ་བྱེད་དགོས། རླངས་འཁོར་གྱི་ཕྱི་རོལ་དུ་འཁྱིལ་ཆུ་སྔར་བས་ཇེ་ཟབ་ཏུ་ཕྱིན་ཚེ་དུས་ཐོག་ཏུ་ཐར་ཐབས་བྱེད་དགོས།
(4)རླངས་འཁོར་ནང་དུ་དུས་དང་རྣམ་པ་ཀུན་ཏུ་སྒེའུ་ཁུང་བཅག་ནས་ཐར་ཐབས་བྱེད་པའི་དངོས་པོ་གྲ་སྒྲིག་བྱེད་དགོས།
开车时如何防范和应对城市内涝?
(1)车中需要常备的内涝防范用品有哨子、应急锤、手电及电池、救生衣等。
(2)遇有前方积水或交通管制路段,应服从交警指挥,绕行其他道路;车辆受困时要及时拨打救援电话,等待救援。
(3)如果车在深水中熄火,不要再启动,防止发动机进水;当汽车外积水进一步加深时,要及时逃生。
(4)车内要准备能随时砸破车窗自救的物品。
མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་སྒྲིག་སྒྱུར་བྱས།海北州民族语言文字工作中心编译2022ལོའི་ཟླ8ཚེས28ཉིན།