海西市
政策通知公告

藏汉双语丨家庭防疫小知识

2022/09/03 7.2k 阅读 410 点赞
家庭防疫小知识


1、普通居家人员如何做好个人预防?

尽量减少外出活动。减少走亲访友和聚餐,尽量在家休息。减少到人员密集的公共场所活动,尤其是相对封闭、空气流动差的场所,例如公共浴池、温泉影院、网吧、KTV、商场、车站、机场、码头和展览馆等。

做好个人防护和手卫生。家庭置备体温计、口罩、家用消毒用品等物品。需要丢弃的口罩,按照生活垃圾分类的要求处理。随时保持手卫生,从公共场所返回、咳嗽手捂之后、饭前便后,用洗手液或香皂流水洗手,或者使用免洗洗手液。不确定手是否清洁时,避免用手接触口鼻眼。打喷嚏或咳嗽时,用手时衣服遮住口鼻。

保特良好的生活习惯。居室整洁,勤开窗,经常通风,定时消毒。平衡膳食,均衡营养,适度运动,充分休息。不随地吐痰,口鼻分泌物用纸巾包好,弃置于有盖垃圾箱内。

主动做好个人与家庭成员的健康监测。自觉发热时要主动测量体温。家中有小孩的,要早晚摸小孩的额头,如有发热要为其测量体温。

若出现发热、咳嗽、咽痛、胸闷、呼吸困难、乏力、恶心呕吐、腹泻、结膜炎、肌肉酸痛等可疑症状,应根据病情,及时到医疗机构就诊。


2、什么情况下需要佩戴口罩?

佩戴口罩的基本原则是科学合理佩戴,规范使用,有效防护。具体如下:

(1)在非疫区空旷且通风场所不需要佩戴口罩,进入人员密集或密闭公共场所需要佩戴口罩。

(2)在疫情高发地区空旷且通风场所建议佩戴一次性使用医用口罩;进入人员密集或密闭公共场所佩戴医用外科口罩或颗粒物防护口罩。

(3)有疑似症状到医院就诊时,需佩戴不含呼气阀的颗粒物防护口罩或医用防护口罩。

(4)有呼吸道基础疾病患者需在医生指导下使用防护口罩。

(5)年龄极小的婴幼儿不能戴口罩,易引起窒息。

3、如何正确佩戴和处理医用外科口罩?

如果选择佩戴口罩,请确保口罩覆盖口鼻。在佩戴口罩后,避免触碰口罩。

(1)鼻夹侧朝上,深色面朝外(或褶皱朝下)。

(2)上下拉开褶皱,使口罩覆盖口、鼻、下颌。

(3)将双手指尖沿着鼻梁金属条,由中间至两边,慢慢向内按压,直至紧贴鼻梁。

(4)适当调整口罩,使口罩周边充分贴合面部。

建议2一4小时更换一次,如口罩变湿或沾到分泌物也要及时更换。

口罩的处理:

(1)健康人群佩戴过的口罩,没有新型冠状病毒传播的风险,一般在口罩变形、弄湿或弄脏导致防护性能降低时更换。健康人群使用后的口罩,按照生活垃圾分类的要求处理即可。

(2)疑似病例或确诊患者佩戴的口罩,不可随意丢弃,应视作医疗废弃物,严格按照医疗废弃物有关流程处理,不得进入流通市场。

(3)一次性使用的口罩在佩戴过后应进行处理。处理完口罩后,要清洗双手。


海北州卫健委提供
ཁྱིམ་ཚང་གི་རིམས་འགོག་ཤེས་བྱ་ཕྲན་བུ།


གཅིག སྤྱིར་བཏང་གི་ཁྱིམ་སྡོད་མི་སྣས་རང་ཉིད་ལ་འགོག་སྲུང་ཇི་ལྟར་བྱེད་དགོས།

སྒོ་ཕྱི་རུ་འགྲོ་བ་ཇེ་ཉུང་དུ་གཏོང་དགོས། གཉེན་ཉེ་དང་གྲོགས་པོར་འཚམས་འདྲི་དང་ཟ་མ་མཉམ་དུ་ཟ་རྒྱུ་ཇེ་ཉུང་དུ་བཏང་ནས། ཅི་ཐུབ་ཀྱིས་ཁྱིམ་དུ་ངལ་གསོ་དགོས། མི་མང་འདུ་འཛོམས་ཆེ་བའི་སྤྱི་པའི་འདུ་གནས་དང་ལྷག་པར་དུ་བལྟོས་བཅས་ཀྱིས་བཀག་འགོག་བྱས་ཡོད་ས་དང་མཁའ་རླུང་འཁོར་རྒྱུག་ཞན་པའི་འདུ་གནས་ཏེ། དཔེར་ན། སྤྱི་པའི་ཁྲུས་རྫིང་དང་ཆུ་ཚན། གློག་བརྙན་ཁང་། དྲ་ཁང་། KTV ཚོང་ར། རླངས་འཁོར་འབབ་ཚུགས། གནམ་གྲུ་ཐང་། གྲུ་ཁ། འགྲེམས་སྟོན་ཁང་སོགས་སུ་འགྲོ་བ་ཇེ་ཉུང་དུ་གཏོང་དགོས། 

མི་སྒེར་གྱི་འགོག་སྲུང་དང་ལག་པ་གཙང་སྦྲ་བྱེད་དགོས། ཁྱིམ་ཚང་དུ་ལུས་དྲོད་འཇལ་ཆས་དང་ཁ་ཐུམ། ཁྱིམ་སྤྱོད་དུག་སེལ་ཡོ་བྱད་སོགས་དངོས་རྫས་གྲ་སྒྲིག་བྱེད་དགོས། འདོར་དགོས་པའི་ཁ་ཐུམ་ནི་འཚོ་བའི་གད་སྙིགས་རིགས་དབྱེའི་བླང་བྱ་ལྟར་ཐག་གཅོད་བྱེད་དགོས། དུས་རྒྱུན་དུ་ལག་པའི་གཙང་སྦྲ་རྒྱུན་འཁྱོངས་བྱས་ཏེ། མི་མང་འདུ་གནས་ནས་ཕྱིར་ལོག་པ་དང་། གློ་ལུ་བ་ལག་པས་བཀབ་རྗེས། ཟ་མ་མ་ཟོས་གོང་དང་གཅིན་སྐྱག་བཏང་རྗེས་བཅས་སུ་ལག་འཁྲུད་གཤེར་ཁུ་དང་འདག་རྫས་ཀྱིས་ལག་པ་འཁྲུད་པའམ་ཡང་ན་ལག་པ་འཁྲུད་མི་དགོས་པའི་དུག་སེལ་བཤེར་ཁུ་བཀོལ་དགོས། ལག་པ་གཙང་མ་ཡིན་མིན་མི་གསལ་ན། ལག་པས་ཁ་དང་སྣ། མིག་བཅས་ལ་རེག་མི་རུང་། སྣ་སྦྲིད་རྒྱག་པ་དང་གློ་ལུ་སྐབས་ལག་པ་བཀོལ་དགོས་ན་ལྭ་བས་ཁ་སྣ་འགེབ་དགོས། 

འཚོ་བའི་གོམས་གཤིས་ལེགས་པོ་རྒྱུན་འཁྱོངས་བྱེད་དགོས། སྡོད་ཁང་གཙང་མ་བྱེད་དགོས་ཤིང་སྒེའུ་ཁུང་ཕྱེ་ནས་རྒྱུན་དུ་རླུང་རྒྱུ་རུ་འཇུག་པ་དང་། དུས་བཀག་ལྟར་དུག་སེལ་བྱེད་དགོས། བཟའ་བཏུང་དོ་མཉམ་དང་འཚོ་བཅུད་སྙོམས་པ། འགུལ་སྐྱོད་འོས་འཚམ་བྱེད་པ། ངལ་གསོ་འདང་པ་བཅས་བྱེད་དགོས། གང་བྱུང་དུ་ཁ་ལུད་མི་འཕེན་པ་དང་། ཁ་སྣ་ནས་ཐོན་པའི་ཟགས་དངོས་ཤོག་བུས་བཏུམས་ཏེ་ཁ་གཅོད་ཡོད་པའི་གད་སྙིགས་སྣོད་ཟོམ་དུ་འཕེན་དགོས། 

རང་རྟོགས་ཀྱིས་རང་ཉིད་དང་ཁྱིམ་མིའི་བདེ་ཐང་ཚད་འཇལ་ཡག་པོ་བྱེད་དགོས་ལ། ཚ་བ་རྒྱས་དུས་རང་རྟོགས་ཀྱིས་ལུས་དྲོད་འཇལ་དགོས། ཁྱིམ་དུ་བྱིས་པ་ཡོད་ན། ནངས་དགོང་བྱིས་པའི་དཔྲལ་བ་ལ་རེག་སྟེ། ཚ་བ་རྒྱས་ཡོད་ཚེ་ལུས་དྲོད་འཇལ་དགོས། 

གལ་ཏེ་ཚ་བ་རྒྱས་པ་དང་གློ་ལུ་བ། མིད་པ་ན་བ། བྲང་ཁ་མི་བདེ་བ། དབུགས་འབྱིན་རྔུབ་དཀའ་བ། ཤུགས་ཟད་པ། སྐྱུག་མེར་ལངས་པ། ཁོག་པ་བཤལ་བ། མིག་སྐྱིར་གཉན་ཚད་རྒྱས་པ། ཤ་གནད་ན་བ་སོགས་ཀྱི་དོགས་གཞིའི་ནད་རྟགས་ཡོད་ཚེ། ནད་ཀྱི་གནས་ཚུལ་ལ་གཞིགས་ནས་དུས་ཐོག་ཏུ་སྨན་བཅོས་ལས་ཁུངས་སུ་སོང་ནས་སྨན་བཅོས་བྱེད་དགོས། 


གཉིས།  གནས་ཚུལ་ཅི་ཞིག་གི་གི་སྐབས་སུ་ཁ་ཐུམ་རྒྱག་དགོས། 

ཁ་ཐུམ་རྒྱག་པའི་གཞི་རྩའི་རྩ་དོན་ནི་ཡང་དག་ལུགས་མཐུན་གྱིས་རྒྱག་པ་དང་། ཚད་ལྡན་གྱིས་བེད་སྤྱོད་བྱེད་པ། འགོག་སྲུང་ནུས་ལྡན་བྱེད་པ་བཅས་ཡིན།  བྱེ་བྲག་ཏུ་གཤམ་གསལ་ལྟར།

1.རིམས་ནད་བྱུང་ས་མིན་པའི་ཁོད་ཡངས་གནས་ཀྱི་རླུང་རྒྱུ་སར་ཁ་ཐུམ་རྒྱག་མི་དགོས། མི་མང་སའམ་ཡང་ན་བཀག་འགོག་བྱས་ཡོད་སའི་སྤྱི་པའི་འདུ་གནས་སུ་ཁ་ཐུམ་རྒྱག་དགོས།

2.རིམས་ནད་བྱུང་མང་བའི་ཁུལ་གྱི་ཁོད་ཡངས་གནས་ཀྱི་རླུང་རྒྱུ་སའི་འདུ་གནས་སུ་ཐེངས་གཅིག་ལ་བཀོལ་བའི་སྨན་སྤྱོད་ཁ་ཐུམ་རྒྱག་དགོས་པའི་གྲོས་མགོ་འདོན་པ་དང་། མི་མང་སའམ་ཡང་ན་བཀག་འགོག་བྱས་ཡོད་སའི་སྤྱི་པའི་འདུ་གནས་སུ་འགྲོ་ན་སྨན་སྤྱོད་ཕྱི་ནད་ཚན་ཁག་གི་ཁ་ཐུམ་མམ་ཡང་ན་རྡུལ་དངོས་འགོག་སྲུང་ཁ་ཐུམ་རྒྱག་དགོས། 

3.རིགས་མཚུངས་ཀྱི་ནད་རྟགས་ཡོད་པས་སྨན་ཁང་དུ་སྨན་བཅོས་བྱེད་པར་འགྲོ་དུས། དབུགས་སྒོ་མེད་པའི་རྡུལ་དངོས་འགོག་སྲུང་ཁ་ཐུམ་རྒྱག་པའམ་སྨན་སྤྱོད་འགོག་སྲུང་ཁ་ཐུམ་རྒྱག་དགོས། 

4.དབུགས་ལམ་གྱི་རྨང་གཞིའི་ནད་རིགས་ཡོད་པའི་ནད་པས་སྨན་པའི་མཛུབ་སྟོན་འོག་འགོག་སྲུང་ཁ་ཐུམ་བཀོལ་དགོས།

5.ལོ་ན་ཧ་ཅང་ཆུང་བའི་ཁྱེའུ་དང་བྱིས་པ་ཡིས་ཁ་ཐུམ་རྒྱག་མི་རུང་སྟེ། དབུགས་འགག་སླ། 

གསུམ། སྨན་སྤྱོད་ཕྱི་ནད་ཚན་ཁག་གི་ཁ་ཐུམ་ཇི་ལྟར་ཡང་དག་པའི་སྒོ་ནས་རྒྱག་པ་དང་ཐག་གཅོད་བྱེད་དགོས། 

གལ་ཏེ་ཁ་ཐུམ་རྒྱག་ན་ཁ་ཐུམ་གྱིས་ཁ་སྣ་ཁེབས་པར་ཁག་ཐེག་བྱེད་དགོས། ཁ་ཐུམ་བརྒྱབ་རྗེས་ཁ་ཐུམ་ལ་རེག་མི་རུང་།

1.སྣའི་གདོང་ཉག་བཙུར་བྱེད་ཀྱི་ཕྱོགས་ཡར་ལ་གཏོད་ཅིང་། མདོག་ཟབ་མོ་ཕྱི་ལ་བསྐོར(ཡང་ན་ལྟེབ་གཉེར་མར་ལ་བསྐོར)དགོས། 

2.གོང་འོག་ཏུ་ལྟེབ་གཉེར་ཕྱེ་ནས་ཁ་ཐུམ་གྱིས་ཁ་དང་སྣ། མ་མགལ་བཅས་ཁེབས་པ་བྱེད་དགོས།

3.ལག་ཟུང་གི་མཛུབ་རྩེ་ཡིས་སྣའི་གདོང་ཉག་གི་ལྕགས་སྐུད་ཕྲ་མོ་དེད་དེ་དཀྱིལ་ནས་ཕྱོགས་གཉིས་སུ་རིམ་གྱིས་ནང་ལ་མནན་ནས་སྣའི་གདོང་ཉག་ལ་སྦྱོར་དགོས།

4.ཁ་ཐུམ་ལེགས་སྒྲིག་འོས་འཚམ་བྱས་ཏེ་ཁ་ཐུམ་མཐའ་འཁོར་ངོ་གདོང་ལ་སྦྱོར་དགོས།

ཆུ་ཚོད2ནས4བར་ཐེངས་རེ་བརྗེ་དགོས་པའི་གྲོས་མགོ་འདོན་ཞིང་། ཁ་ཐུམ་རློན་པ་བྱས་བའམ་ཡང་ན་ཟགས་ཐོན་དངོས་པོ་འགོས་ནའང་དུས་ཐོག་ཏུ་བརྗེ་དགོས། 

ཁ་ཐུམ་ཐག་གཅོད་བྱེད་ཐབས།

1.བདེ་ཐང་མི་ཚོགས་ཀྱིས་བརྒྱབ་མྱོང་བའི་ཁ་ཐུམ་ལ་པྲོག་དབྱིབས་ནད་དུག་གསར་པ་འགོས་པའི་ཉེན་ཁ་མེད་ན། སྤྱིར་བཏང་དུ་ཁ་ཐུམ་གྱི་དབྱིབས་འགྱུར་བ་དང་རློན་པ་བྱས་པ། འབག་བཙོག་བཟོས་པ་བཅས་ཀྱིས་འགོག་སྲུང་ནུས་པ་དམའ་རུ་སོང་ཡོད་པའི་སྐབས་སུ་བརྗེ་དགོས། བདེ་ཐང་མི་ཚོགས་ཀྱིས་སྤྱད་རྗེས་ཀྱི་ཁ་ཐུམ་དེ་འཚོ་བའི་གད་སྙིགས་རིགས་དབྱེའི་བླང་བྱ་ལྟར་ཐག་གཅོད་བྱས་ན་ཆོག

2.ནད་གཞི་རིགས་མཚུངས་སམ་ཡང་ན་ནད་གཞི་གཏན་ཁེལ་བྱས་པའི་ནད་པས་ཁ་ཐུམ་བརྒྱབ་པ་དེ་གང་འདོད་དུ་གཡུགས་མི་ཆོག་པས། སྨན་བཅོས་ཀྱི་བེད་མེད་དངོས་པོར་བརྩིས་ནས། སྨན་བཅོས་ཀྱི་བེད་མེད་དངོས་པོའི་འབྲེལ་ཡོད་བརྒྱུད་རིམ་གཞིར་བཟུང་སྟེ་ཐག་གཅོད་ནན་མོ་བྱེད་པ་ལས་འཁོར་རྒྱུག་ཚོང་རར་འདྲེན་མི་ཆོག

3.ཐེངས་གཅིག་ལ་བཀོལ་བའི་ཁ་ཐུམ་དེ་མི་བཀོལ་བའི་ཚེ་ཐག་གཅོད་བྱེད་དགོས་ལ། ཁ་ཐུམ་ཐག་གཅོད་བྱས་རྗེས་ལག་ཟུང་གཙང་མར་འཁྲུད་དགོས། 


མཚོ་བྱང་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་འདོན་སྤྲོད་བྱས།མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་བསྒྱུར།

免责声明: 本文信息仅供参考,具体政策以官方最新发布为准。如有疑问,请拨打相关部门咨询电话或前往官方网站查询。

标签:通知公告

评论 (2)

我
苏
苏州市民2026-03-18 15:30

非常实用的信息,感谢分享!

科
科技爱好者2026-03-18 14:20

这篇文章写得很详细,有帮助!