第一,规范管理要专班。政府领导要牵头,医护公安要配足;保障转运要到位,信息联络不可少;管理制度要齐全,执行到位是关键。
第二,工作开展要分区。医护人员单独住,单人单间是要求;聚会聚餐要不得,保障人员不接触;防护物资高质量,沟通工作信息化。
第三,个人防护要规范。医护防护(二级)要到位,一二脱区不可少;脱卸流程要规范,互检互查要记牢;脱区应设摄像头,时时监控很重要。
第四,人员采样要科学。隔离人员要优先,不出房门守界线;单人单管要做到,采样流程须规范;早采快送快检测,早出结果早处置。
第五,环境采样要精细。重点区域(医护人员生活区,物资储存区,一二脱区)天天采,其他区域(隔离人员通道、扶手和电梯内、隔离区医护人员高频接触部位,医疗废物暂存间)定期采;特殊情况(出现阳性病例后所有区域)天天采,解除隔离(人、物、环境)一起采。
第六,人员管理要严格。单人单间最重要,严禁串门和聊天;实时监控不断线,房间窗户要限宽(45度);换气地漏须封闭,避免交叉和感染;医患严格分通道,明显标识不能少。
第七,送饭送物要细心。掌握流程和方式,“U型”路线记心间;对门取物分时段,远程问候送温暖。
第八,环境消杀要重视。房间消毒不可少,隔离人员自己搞;一天两次是要求,消毒物品要配足;公共区域每日消,医护人员要记牢;终末消杀专班做,环境采样不可少;消毒工具要分区,清洁污染不交叉。
第九,医疗废物要严防。房间(隔离人员)废物放门口,及时收集不撒懒;鹅颈封扎要做到,双层黄袋要消毒;医废暂存(间)要独立,专用桶装不能少;称重移交要记录,日产日清快运走。
第十,心理疏导要跟进。微信电话都要用,有人负责有人管;传递信息做朋友,嘘寒问暖当亲人;结对帮助心连心,防范极端事发生。
གཅིག་སྡུད་ལོགས་བཀར་བྱེད་ས་དོ་དམ་བྱེད་པའི་མན་ངག་བཅུ།
——ཞིང་ཆེན་རིམས་ནད་འགོག་སྡོམ་བཀོད་འདོམས་པུའི་མཚོ་བྱང་ལས་དོན་ཚན་སྐོར་གྱིས་སྒྲིག་བཟོ་བྱས།
དང་པོ། དོ་དམ་ཚད་ལྡན་གཏོང་བར་ཆེད་ཚན་དགོས།
སྲིད་གཞུང་མགོ་ཁྲིད་པ་ཡིས་སྣེ་ཁྲིད་ནས།།
སྨན་པ་སྤྱི་བདེ་འདང་ངེས་བཀོད་སྒྲིག་དགོས།།
སྐྱེལ་འདྲེན་གནས་སར་འབྱོར་བར་འགན་ལེན་གྱིས།།
ཆ་འཕྲིན་འབྲེལ་གཏུག་བྱེད་པ་ཆད་མི་རུང་།།
དོ་དམ་ལམ་ལུགས་མ་བོར་ཆ་ཚང་སྒྲིགས།།
ལག་བསྟར་ནན་མོ་བྱེད་པ་གནད་འགག་ཡིན།།
གཉིས་པ། བྱ་བ་ལས་སྒྲུབ་བྱེད་དུས་གནས་དབྱེ་དགོས།
སྨན་བཅོས་མི་སྣ་ཁེར་སྡོད་བྱེད་དགོས་ཏེ།།
མི་རེར་ཁང་མིག་གཅིག་རེ་བླང་བྱ་ཡིན།།
འདུ་འཛོམས་གསོལ་སྟོན་སོགས་ནི་མི་རུང་ཞིང་།།
མི་སྣ་འབྲེལ་འདྲིས་མི་བྱེད་འགན་ལེན་དགོས།།
འགོག་སྲུང་དངོས་ཟོག་སྤུས་ཚད་ལེགས་དགོས་ལ།།
འབྲེལ་གཏུག་ལས་དོན་ཆ་འཕྲིན་ཅན་དུ་བསྒྱུར།།
གསུམ་པ། རང་ཉིད་འགོག་སྲུང་ཚད་ལྡན་ཅན་དུ་གཏོང་།
སྨན་བཅོས་འགོག་སྲུང(རིམ་པ་གཉིས་པ)དོན་འཁྱོལ་བྱེད་དགོས་ལ།།
འགོག་ཁུལ་དང་པོ་གཉིས་པ་མེད་མི་རུང་།།
འགོག་ལྭ་ཕུད་པའི་བརྒྱུད་རིམ་ཚད་ལྡན་དགོས།།
ཕན་ཚུན་ཞིབ་བཤེར་བྱེད་པ་བརྗེད་མི་རུང་།།
འགོག་སྲུང་ཁུལ་དུ་བརྙན་མིག་འཛུགས་དགོས་ལ།།
དུས་ལ་ངེས་མེད་རྟོག་སྡོམ་བྱེད་པ་གལ། །
བཞི་བ། མི་སྣའི་དཔེ་སྒྲུག་ཚན་རིག་ལྟར་དུ་བྱེད།
ལོགས་བཀར་མི་སྣ་སྔོན་ལ་འཇོག་དགོས་ལ།།
ཁང་བའི་སྒོ་ཕྱིར་མི་འགྲོ་སྒྲིག་ལམ་སྲུང་།།
མི་སྣ་གཅིག་པོར་དོ་དམ་ཡག་པོ་བྱོས།།
དཔེ་སྒྲུག་གོ་རིམ་ཚད་ལྡན་ཡིན་པ་གལ།།
དཔེ་སྒྲུག་སྐྱེལ་འཇལ་མགྱོགས་པོ་ཡིན་དགོས་ལ།།
བརྟག་འབྲས་འཕྲལ་དུ་ཐག་གཅོད་བྱེད་དགོས་སོ། །
ལྔ་བ། ཁོར་ཡུག་དཔེ་སྒྲུག་བྱེད་ལ་ཞིབ་ཚགས་དགོས།
གཙོ་གནད་ཁོངས་*སུ་ཉིན་རེར་དཔེ་སྒྲུག་བྱེད།།*(སྨན་བཅོས་མི་སྣའི་འཚོ་བའི་ཁུལ་དང་དངོས་ཟོག་གསོག་ཉར་ཁུལ། འགོག་སྲུང་ཁུལ་དང་པོ་གཉིས་པ་བཅས།)
ས་ཁོངས་གཞན་དག་*དུས་བཀག་དཔེ་སྒྲུག་དགོས།།*(ལོགས་བཀར་མི་སྣའི་བགྲོད་ལམ་དང་། ལག་སྐྱོར་དང་གློག་སྐས་ནང་། ལོགས་བཀར་ཁུལ་བཅས་ཀྱི་སྨན་བཅོས་མི་སྣའི་འབྲེལ་འདྲིས་བྱེད་མང་བའི་གནས་དང་སྨན་བཅོས་སྙིགས་རོ་གནས་སྐབས་གསོག་ཉར་བྱེད་ས།)
དམིགས་བསལ་གནས་ཚུལ་*ཉིན་རེར་དཔེ་སྒྲུག་བྱེད།།*(གདགས་གཤིས་ཀྱི་ནད་རྟགས་ཐོན་རྗེས་ས་ཁོངས་ཡོངས་སུ།)
ལོགས་བཀར་སེལ་ན་*མཉམ་དུ་དཔེ་སྒྲུག་བྱེད།།*(མི་དང་དངོས་པོ། ཁོར་ཡུག་བཅས་མཉམ་དུ)
དྲུག་པ། མི་སྣ་དོ་དམ་བྱེད་པ་གཟབ་ནན་དགོས།
མི་གཅིག་ཁང་གཅིག་འདུག་པ་གལ་ཆེ་ཞིང་།།
ཁྱིམ་མྱུལ་ཁ་བརྡ་བྱེད་པ་ཡོད་མི་རུང་།།
དུས་མཉམ་རྟོག་སྡོམ་བྱེད་པ་ལྷོད་མི་རུང་།།
ཁང་པའི་སྒེའུ་ཁུང་ཞེང་ཚད་ཚོད་འཛིན་དགོས* (ཏུའུ45)།།
དབུགས་བརྗེ་ས་སྦུག་ཁ་ནི་དམ་དུ་གཅོད།།
སྣོལ་འབྲེལ་འགོས་ནད་ལ་ནི་གཡོལ་དགོས་སོ།།
སྨན་པ་ནད་པར་བགྲོད་ལམ་སོ་སོ་ཕྱེ།།
མཚོན་རྟགས་མངོན་གསལ་ཡོད་པ་མེད་མི་རུང་།།
བདུན་པ། ཟ་མ་དངོས་པོ་སྐྱེལ་བར་ཞིབ་ཚགས་བྱོས།
བརྒྱུད་རིམ་དང་ནི་བྱེད་སྟངས་ཁོང་དུ་ཆུད།།
“Uགི་རྣམ་པའི”ལམ་ཐིག་སེམས་ལ་ཟུངས།།
སྒོ་ཕྱིའི་དངོས་པོ་ལེན་པའི་དུས་མཚམས་འབྱེད།།
རྒྱང་ནས་འཚམས་འདྲི་བྱས་ཏེ་དྲོ་སྐྱིད་སྟེར།།
བརྒྱད་པ། ཁོར་ཡུག་དུག་སེལ་མཐོང་ཆེན་ལེགས་པོ་བྱོས།
ཁང་བར་དུག་སེལ་བྱེད་པ་མེད་མི་རུང་།།
ལོགས་བཀར་མི་སྣ་རང་གིས་བྱེད་པ་གལ།།
ཉིན་རེར་དུག་སེལ་ཐེངས་གཉིས་བླང་བྱ་ཡིན།།
དུག་སེལ་དངོས་རྫས་འདང་ངེས་གྲ་སྒྲིག་བྱོས།།
སྤྱི་བའི་འདུ་གནས་ཉིན་རེའི་དུག་སེལ་ནི།།
སྨན་དོན་མི་སྣའི་བློ་ལ་བརྟན་པོར་ཟུངས།།
མཐར་གྱི་དུག་སེལ་ཆེད་ཚན་གྱིས་བྱེད་ཅིང་།།
ཁོར་ཡུག་དཔེ་སྒྲུག་བྱེད་པ་མེད་མི་རུང་།།
དུག་སེལ་ཡོ་བྱད་དབྱེ་བ་འབྱེད་དགོས་ལ།།
གཙང་སྦྲ་སྦགས་བཙོག་མཉམ་དུ་བསྲེས་མི་རུང་།།
དགུ་པ། སྨན་བཅོས་སྙིགས་རོ་བཀག་འགོག་གཟབ་ནན་བྱོས།
ཁང་བའི(ལོགས་བཀར་མི་སྣ)གད་སྙིགས་སྒོ་ཁར་འཇོག་དགོས་ལ།།
ལེ་ལོར་མ་གཡེང་དུས་ཐོག་བསྡུ་རུབ་བྱོས།།
ངང་པའི་སྐེ་བསྡམས་ལྟ་བུ་བྱེད་ཐུབ་ཅིང་།།
ཉིས་རྩེག་ཁུག་སེར་དུག་སེལ་བྱེད་པ་གལ།།
སྨན་སྙིགས་སྐབས་ཉར་རང་ཚུགས་ཡིན་དགོས་ཤིང་།།
ཆེད་སྤྱོད་སྣོད་ཟོམ་སྒྲིག་བཀོད་མེད་མི་རུང་།།
ལྗིད་ཆེ་རྩིས་སྤྲོད་ཐོ་འགོད་བྱེད་དགོས་ལ།།
ཉིན་རེའི་གད་སྙིགས་མགྱོགས་མྱུར་སྐྱེལ་འདྲེན་བྱེད།།
བཅུ་པ། སེམས་ཁམས་དུས་སུ་གསོ་བ་གལ་ཆེན་ཡིན།
སྐད་འཕྲིན་ཁ་པར་གཉིས་ག་སྤྱོད་དགོས་ཤིང་།།
འགན་ཁུར་དོ་དམ་ལེགས་པོ་བྱེད་མཁན་དགོས།།
ཆ་འཕྲིན་བརྒྱུད་སྤྲོད་བྱས་ནས་གྲོགས་བསྒྲིགས་ཏེ།།
བདེ་སྡུག་འདྲི་བ་དེ་ནི་གཉེན་ཉེར་བརྩི།།
ཆ་སྒྲིག་རོགས་སྐྱོར་སེམས་པ་གཅིག་ཏུ་སྦྲེལ།།
ཐལ་དྲགས་དོན་དག་འབྱུང་བར་ཡིད་གཟབ་བྱོས།།