གནོད་འགོག་གནོད་སེལ་གྱི་རྒྱུན་ཤེས།
防灾减灾常识
ལན། 2009ལོའི་ཟླ3པའི་ཚེས2ཉིན། རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ཡོན་ལྷན་ཁང་དང་དམངས་སྲིད་པུའུ་ཡིས་གནས་ཚུལ་ཁྱབ་བསྒྲགས་བྱས་པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་ཐོབ་པ་བརྒྱུད2009ལོ་ནས་བཟུང་ལོ་རེའི་ཟླ5པའི་ཚེས12ཉིན་ནི་རྒྱལ་ཡོངས་ཀྱི“གནོད་འགོག་གནོད་སེལ་གྱི་ཉིན་མོ”ཡིན་པ་དང་། 2009ལོའི་ཟླ5ཚེས12ཉིན་ནི་ཀྲུང་གོའི་ཐོག་དང་པོའི“གནོད་འགོག་གནོད་སེལ་གྱི་ཉིན་མོ”ཡིན་པ་ཐག་གཅོད་བྱས་ཡོད་པ་རེད།
中国“防灾减灾日”是哪天?
答:2009年3月2日,国家减灾委、民政部发布消息,经国务院批准,自2009年起,每年5月12日为全国“防灾减灾日”。2009年5月12日是中国第一个“防灾减灾日”。
ལན། རང་རྒྱལ་ནི་འཛམ་གླིང་ཐོག་རང་བྱུང་གནོད་འཚེ་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པ་དང་། གནོད་འཚེའི་རིགས་སྣ་མང་བ་དང་ཁྱབ་ཁོངས་ཆེ་ལ། འབྱུང་ཚད་མཐོ་ཞིང་། གྱོང་གུན་གྱི་ཚབས་ཆེ། 2008ལོའི་ཟླ5པའི་ཚེས12ཉིན། རང་རྒྱལ་གྱི་སི་ཁྲོན་ཝུན་ཁྲོན་དུ་རིམ་པ8.0ཅན་གྱི་ས་ཡོམ་དྲག་པོ་བྱུང་ཞིང་། གྱོང་གུན་ཐེབས་པའི་ཤུགས་རྐྱེན་ཆེ་བས་འཛམ་གླིང་ཡོངས་ཧ་ལས་སུ་བཅུག དེ་བས། རང་རྒྱལ་གྱིས“གནོད་འགོག་གནོད་སེལ་གྱི་ཉིན་མོ”བཙུགས་པ་དེ་ཕྱོགས་གཅིག་ནས་སྤྱི་ཚོགས་ལས་རིགས་ཁག་གིས་རང་རྒྱལ་གྱི་གནོད་འགོག་གནོད་སེལ་དོ་ཁུར་བྱེད་པའི་འདོད་གསོལ་དང་མཐུན་པར་བྱས་ལ། ཕྱོགས་གཞན་ཞིག་ནས་རྒྱལ་དམངས་ཀྱིས་སྔོན་མའི་བསླབ་བྱ་མ་བརྗེད་ན།། རྗེས་མའི་མེ་ལོང་ཞིག་ཏུ་འགྱུར་ཞེས་པ་ཡིན་པར་དྲན་སྐུལ་བྱས་ཏེ། གནོད་འགོག་གནོད་སེལ་ལ་དེ་བས་མཐོང་ཆེན་བྱས་ནས་གནོད་འཚེའི་གྱོང་གུན་ཉུང་དུ་གཏོང་གང་ཐུབ་བྱ་རྒྱུ་དེ་རེད། རྒྱལ་ཁབ་ཀྱིས“གནོད་འགོག་གནོད་སེལ་གྱི་ཉིན་མོ”བཙུགས་ནས་རང་རྒྱལ་གྱི་གནོད་འགོག་གནོད་སེལ་ལས་དོན་ལ་དེ་བས་དམིགས་སའི་རང་བཞིན་ལྡན་པ་དང་དེ་བས་ནུས་ལྡན་གྱི་སྒོ་ནས་གནོད་འགོག་གནོད་སེལ་ལས་དོན་སྤེལ་རྒྱུ་ཡིན་པ་རེད།
答:我国是世界上自然灾害最为严重的国家之一,灾害种类多、分布地域广、发生频率高、造成损失重。2008年5月12日,我国四川汶川发生8.0级特大地震,损失影响之大,举世震惊。我国设立“防灾减灾日”,一方面是顺应社会各界对我国防灾减灾关注的诉求,另一方面也是提醒国民前事不忘,后事之师,更加重视防灾减灾,努力减少灾害损失。国家设立“防灾减灾日”,将使我国的防灾减灾工作更有针对性,更加有效地开展防灾减灾工作。
3.གནོད་འགོག་གནོད་སེལ་གཙོ་བོ་གནོད་འཚེ་གང་དག་ལ་ཟེར།
ལན། གཙོ་བོར་ཞོད་ཐན་གྱི་གནོད་འཚེ་དང་། གནམ་གཤིས་ཀྱི་གནོད་འཚེ། ས་ཡོམ་གྱི་གནོད་འཚེ། ས་གཤིས་ཀྱི་གནོད་འཚེ། སྐྱེ་དངོས་ཀྱི་གནོད་འཚེ། ནགས་ཚལ་གྱི་མེ་སྐྱོན་གནོད་འཚེ་སོགས་ཚུད་ཡོད།
答:主要包括水旱灾害、气象灾害、地震灾害、地质灾害、生物灾害和森林火灾等。
4.རང་རྒྱལ་གྱི་གནོད་འགོག་གནོད་སེལ་གཙོ་བོར་བཅའ་ཁྲིམས་དང་ཁྲིམས་སྲོལ་གང་དག་ཡོད།
ལན། རང་རྒྱལ་གྱིས་ཐོག་མཐའ་བར་གསུམ་དུ་ཁྲིམས་ལྟར་གནོད་འགོག་གནོད་སེལ་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། གནོད་འགོག་གནོད་སེལ་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་རབས་དང་རིམ་པ་གཏན་འབེབས་བྱས་པས། གནོད་འགོག་གནོད་སེལ་གྱི་བཅའ་ཁྲིམས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ཡོད།
རང་རྒྱལ་གྱི་རྩ་ཁྲིམས་དོན་ཚན་ཉེར་དྲུག་པར་གནོད་འགོག་བྱེད་པའི་རྩ་དོན་རང་བཞིན་གཏན་འབེབས་བྱས་ཡོད། དེའི་རྨང་གཞིའི་ཐོག རང་རྒྱལ་གྱི་འབྲེལ་ཡོད་གནོད་འགོག་གནོད་སེལ་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་དུ་གཙོ་བོ《གློ་བུར་དོན་རྐྱེན་ལ་ཁ་གཏད་པའི་བཅའ་ཁྲིམས》དང་། 《ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས》《གནམ་གཤིས་བཅའ་ཁྲིམས》《གནོད་འགོག་གནོད་སེལ་བཅའ་ཁྲིམས》《མེ་ཟོན་བཅའ་ཁྲིམས》《ཆུ་ལོག་སྔོན་འགོག་བཅའ་ཁྲིམས》《ས་ཆུ་སྲུང་འཛིན་བཅའ་ཁྲིམས》དང་དེ་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི《ས་གཤིས་གནོད་འཚེ་འགོག་བཅོས་ཀྱི་སྲོལ་ཡིག》《ཆུ་ལོག་སྔོན་འགོག་སྲོལ་ཡིག》《ཐན་འགོག་སྲོལ་ཡིག》《ནགས་ཚལ་མེ་ཟོན་སྲོལ་ཡིག》《བུན་ཁྲོན་ས་ཡོམ་གྱི་གནོད་འཚེ་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་སྲོལ་ཡིག》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ཚུད་ཡོད་པ་མ་ཟད། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྡེ་ཁག་གི་སྒྲིག་སྲོལ་མི་ཉུང་བ་ཞིག་ཏུའང་གནོད་འགོག་གནོད་སེལ་ཐད་འབྲེལ་ཡོད་གཏན་འབེབས་བྱས་ཡོད།
我国防灾减灾主要有哪些法律法规?
答:我国一贯高度重视依法防灾减灾,制定了一系列涉及防灾减灾的法律法规,防灾减灾法律体系得到不断完善。
我国宪法第二十六条做出了防治灾害的原则性规定。在此基础上,我国有关防灾减灾的法律法规主要包括:《突发事件应对法》《环境保护法》《气象法》《防震减灾法》《消防法》《防洪法》《森林法》《水土保持法》及国务院《地质灾害防治条例》《防洪条例》《抗旱条例》《森林防火条例》《汶川地震灾后恢复重建条例》等法律法规,此外,不少地方性法规和部门规章也对防灾减灾做出了相关规定。
ལན། ས་གནས་ཀྱི་རིམ་པ་ཁག་གི་མི་དམངས་སྲིད་གཞུང་དང་རྫོང་རིམ་པ་ཡན་གྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་གནོད་འགོག་གནོད་སེལ་སྐོར་གྱི་བཅའ་ཁྲིམས་ཀྱི་གཏན་འབེབས་དང་འགལ་ནས་ཁྲིམས་བཀོད་ཀྱི་འགན་འཁྲི་མ་བསྒྲུབས་ན། དེའི་གོང་རིམ་སྲིད་འཛིན་ལས་ཁུངས་སམ་ལྟ་ཞིབ་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། འགན་ཐད་ཀར་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཁག་འགན་ཐད་ཀར་འཁུར་དགོས་མཁན་གཞན་དག་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ། བྱས་ཉེས་སུ་གྲུབ་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ། འབྲེལ་ཡོད་སྡེ་ཚན་གྱིས་གནོད་འགོག་གནོད་སེལ་གྱི་བཅའ་ཁྲིམས་ནང་བཀོད་པའི་གཏན་འབེབས་དང་འགལ་ན། ཐོན་སྐྱེད་དང་གཉེར་སྐྱོང་བྱེད་མཚམས་འཇོག་ཏུ་འཇུག་རྒྱུ་དང་། ཆོག་འཐུས་དཔང་ཡིག་གམ་ཡང་ན་ལས་གཉེར་ལག་ཁྱེར་གནས་སྐབས་བཀག་ཉར་རམ་ཕྱིར་བསྡུ་བྱ་རྒྱུ་མ་ཟད་དངུལ་ཆད་གཅོད་རྒྱུ། གནོད་འགོག་གནོད་སེལ་བཅའ་ཁྲིམས་ཀྱི་གཏན་འབེབས་ལས་འགལ་བ་དང་། སྤྱི་པའི་བདེ་འཇགས་ལ་གནོད་འཚེ་གཏོང་བ། སྤྱི་ཚོགས་དོ་དམ་ལ་འགོག་རྐྱེན་བཟོ་བ་བཅས་ཀྱི་བདེ་འཇགས་དོ་དམ་ལ་འགལ་བའི་བྱ་སྤྱོད་སྤེལ་མཁན་ཀྱི་ལས་ཁུངས་སམ་ཡང་ན་མི་སྒེར་ལ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་དང་། བྱས་ཉེས་སུ་གྲུབ་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱེད་རྒྱུ།
违反防灾减灾相关法律法规的行为要承担哪些法律责任?
答:地方各级人民政府和县级以上各级人民政府有关部门,违反防灾减灾法律规定,不履行法定职责的,由其上级行政机关或者监察机关责令改正;对直接负责的主管人员和其他直接责任人员依法给予处分;构成犯罪的,依法追究刑事责任。有关单位违反防灾减灾法律规定的,责令停产停业,暂扣或者吊销许可证或者营业执照,并处罚款。对违反防灾减灾法律规定,扰乱公共秩序、危害公共安全、妨害社会管理,只构成违反治安管理行为的单位或个人,由公安机关依法给予处罚;构成犯罪的,依法追究刑事责任。
6.ཆུ་ལོག་གློ་བུར་དུ་བྱུང་རྗེས་ཇི་ལྟར་ཁ་གཏད་དགོས།
(1)དངངས་སྐྲག་མི་སྐྱེས་པར། ཆུའི་གནས་བབ་དང་སའི་གནས་བབ་ལ་ཡིད་རྣལ་དུ་ཕབ་ནས་ལྟ་ཞིབ་བྱས་རྗེས། མགྱོགས་མྱུར་ངང་ཉེ་འཁོར་གྱི་སྒང་འབུར་དང་ཁང་བརྩེགས་ཕྱོགས་སུ་བྱོལ་དགོས།
(2)ཆུ་ལོག་ཡོང་བ་འཇིགས་ཆེ་བས། ཉེ་འཁོར་དུ་སྒང་འབུར་དང་ཁང་བརྩེགས་མེད་ལ་བྱོལ་སའང་མེད་པའི་སྐབས་སུ། ཆུར་གཡེང་ཤུགས་ཆེ་བའི་དངོས་བོའི་རིགས་དཔེར་ན་ཤིང་གཞོང་དང་ཤིང་གི་འོང་སྐྱག ཤིང་ལེབ་སོགས་སུ་དམ་པོར་འཇུ་དགོས། དགོས་ངེས་ཀྱི་དུས་སུ་ཤིང་སྡོང་མཐོན་པོར་འཛེག་ནའང་གནས་སྐབས་གཡོལ་ཐུབ་པ་ཡིན།
(3)ཡིད་ལ་དམ་པོར་འཛིན་དགོས་པ་ནི་ས་ཕག་ཁང་པའི་ཐོག་ཁར་མི་འགོས་མི་ཉན། ཁང་པ་འདི་དག་ཆུས་སྦངས་རྗེས་ལོག་སླ་བ་ཡིན།
洪水突来如何应对:
(1)不要惊慌,冷静观察水势和地势,然后迅速向附近的高地、楼房转移。
(2)洪水来势很猛,就近无高地、楼房可避,可抓住有浮力的物品如木盆、木椅、木板等。必要时爬上高树也可暂避。
(3)切记不要爬到土坯房的屋顶,这些房屋浸水后容易倒塌。
7.མེ་སྐྱོན་ལས་ཇི་ལྟར་ཐར་ཐབས་བྱ་དགོས།
(1)སེམས་རྣལ་དུ་ཕབ་ནས། མགྱོགས་མྱུར་ངང་ཉེན་ཁ་ཡོད་ས་དང་བདེ་འཇགས་ས་ཆ་གང་ཡིན་བརྡར་ཤ་བཅད་དེ་མྱུར་དུ་ཁ་བྲལ་དགོས།
(2)སྲོག་ལས་ཐར་ཐབས་བྱེད་སྐབས་འཚང་ཁ་བརྒྱབ་ནས་ཕྱིར་མི་བྱོལ་བའམ་ཡང་ན་རྒྱུ་ནོར་ལ་ཞེན་ཆགས་མི་རུང་། ངེས་པར་དུ་མེ་ཤོར་ཁུལ་བརྒྱུད་སྐབས་གང་ཐུབ་ཀྱིས་ལྭ་བ་རློན་པས་ལུས་ཕུང་བཏུམ་དགོས་ལ། ཁ་སྣ་བཏུམ་ནས་ས་ངོས་དང་ཉེ་བར་བཅར་དགོས།
(3)ལུས་སྟེང་དུ་མེ་འབར་ཚེ། ཧོབ་རྒྱུག་གཏན་ནས་མི་བྱེད་པར་གནས་དེ་ནས་འགྲེ་ལོག་བརྒྱབ་སྟེ། ལུས་སྟེང་གི་མེ་གསོད་དགོས་པ་དང་ཡང་ན་ཐག་ཉེ་སའི་ཆུ་རྫིང་དང་རྫ་མ། ཆུ་ཕྲན་དུ་ལྡིང་དགོས།
(4)རང་ཉིད་ཁང་བརྩེགས་ཀྱི་ཁང་ཀླད་དུ་ཡོད་ཚེ། བྲོས་བྱོལ་གྱི་ཐབས་ལམ་འཚོལ་བའི་སྐབས་སུ་སྤྱིར་བཏང་དུ་ཐོག་ཁང་ལས་མར་འབབ་དགོས། ཐོག་ཁང་གི་སྐས་རྐང་གི་དཀྱིལ་ལ་ཐོན་རྗེས། ཁང་བརྩེགས་འོག་མར་མེ་འབར་བའི་ཉེན་ཁ་མེད་པ་ཐག་གཅོད་བྱས་རྗེས་ད་གཟོད་སྲོག་ཉེན་ལས་ཐར་ཐབས་བྱེད་དགོས།
(5)ཁང་བརྩེགས་ཀྱི་སྐས་རྐང་ངམ་སྒོ་ཁར་མེ་ཆེན་གྱིས་བཀག་ཡོད་པ་དང་། ཁང་བརྩེགས་མི་མཐོ་བའི་དུས་སུ། རས་དང་ཉལ་གདན། ས་གདན། སྒེའུ་ཡོལ་སོགས་སྤྱད་ནས་ཐག་པ་བརྒྱུས་ཏེ་སྒེའུ་ཁུང་དང་ཉི་ཁྱམས། ཆུ་སྦུག་སོགས་བརྒྱུད་ནས་སྲོག་ཉེན་ལས་ཐར་ཐབས་བྱེད་དགོས།
(6)ཐོག་བརྩེགས་མཐོ་བ་དང་། འགྲོ་ལམ་གཞན་དག་བཀག་ཡོད་པའི་དུས་སུ། ཁང་པའི་ནང་ཕྱིར་འཛུལ་ནས་སྒོ་དང་སྒེའུ་ཁུང་དམ་པོར་རྒྱག་དགོས་ལ། ཆ་རྐྱེན་ཡོད་ཚེ་རས་དང་ལག་ཕྱིས་སོགས་རློན་པ་བྱས་ཏེ་མེ་འབར་བའི་ཁ་ཕྱོགས་ཀྱི་ཁང་པའི་སྒོ་དང་སྒེའུ་ཁུང་གི་སྲུབ་ཁ་དམ་པོ་སུམ་དགོས་པ་མ་ཟད། མུ་མཐུད་དུ་ཆུ་བླུགས་ནས་རློན་པ་བྱེད་པ་དང་ཆབས་ཅིག་མེ་མེད་པའི་ཕྱོགས་ཀྱི་སྒེའུ་ཁུང་དང་ཉེ་བར་བཅར་ནས་ཉེན་སྐྱོབ་བརྡ་རྟགས་གཏོང་དགོས་པ་དང་། དགོང་མོར་ལག་སྒྲོན་དང་རས་དཀར་པོ་གཡུག་གཡུག་བྱས་ཏེ་ཉེན་སྐྱོབ་བརྡ་རྟགས་གཏོང་དགོས། སྐབས་དེར་གློག་སྐས་ལ་གཏན་ནས་འདུག་མི་རུང་ལ་གང་བྱུང་དུ་ཐོག་ཁང་ནས་མཆོང་ཡང་མི་ཉན།
火灾如何逃生:
(1)保持镇静,迅速判断危险地点和安全地点,尽快撤离。
(2)逃生时不可蜂拥而出或留恋财物。必须穿过火区时,应尽量用浸湿的衣物披裹身体,捂住口鼻,贴近地面。
(3)身上着火,千万别奔跑,可就地打滚,将身上的火苗压灭,或跳入就近的水池、水缸、小河等。
(4)身处楼上,寻找逃生路一般向下不向上。进入楼梯间后,确定楼下未着火时再向下逃生。
(5)楼梯或门口被大火封堵,楼层不高时,可利用布匹、床单、地毯、窗帘等制成绳索,通过窗口、阳台、下水管等滑下逃生。
(6)楼层高,其他出路被封堵,应退到室内,关闭通往着火区的门、窗,有条件的用湿布料、毛巾等封堵着火区方向的门窗,并用水不断地浇湿,同时靠近没有火的一方的门窗呼救。晚上可用手电筒、白布摆动发出求救信号,决不可乘坐电梯,也不可贸然跳楼。
8.ཐོག་གི་གནོད་པ་ལས་གཞོལ་བ།
(1)འཛུགས་སྐྲུན་དངོས་པོའི་ཐོག་འགོག་ཁབ་དང་དེའི་ས་སྦྲེལ་སྐུད་པར་རིང་དུ་གྱེས་དགོས། འདི་ལྟར་བྱས་ན་ཐོག་དང་གློག་ཞགས་ཀྱིས་རྒྱག་པ་དང་གློག་གནོན་གློག་སྐུད་སྟེང་སྤོ་བར་སྔོན་འགོག་བྱེད་ཐུབ།
(2) རིགས་སྣ་ཚོགས་ཀྱི་གནམ་སྐུད་དང་། གློག་སྡོང་། ལྕགས་མདོང་མཐོན་པོ། དུ་ཁུང་མཐོན་པོ། དར་ཤིང་སོགས་དང་རིང་དུ་གྱེས་དགོས་ལ། གལ་ཏེ་ཆ་རྐྱེན་ཡོད་ན། ཐོག་འགོག་སྒྲིག་ཆས་ཡོད་པའི་འཛུགས་སྐྲུན་དངོས་པོ་དང་ལྕགས་རིགས་ཀྱི་ཕྱི་ཤུན་ཡོད་པའི་རླངས་འཁོར་དང་གྲུ་གཟིངས་ནང་དུ་འགྲོ་དགོས་མོད། འོན་ཀྱང་རས་ཁེབས་བརྒྱབ་ཡོད་པའི་ཤིང་གི་འཁོར་ལོ་དང་། འདྲུད་འཐེན་འཁོར་ལོ། འཕྲུལ་རྟ་འཁོར་ལོ་སོགས་ཐོག་ཆར་འབབ་པའི་སྐབས་སུ་ཉེན་ཁ་ཅུང་ཆེ་བས། མྱུར་དུ་རིང་དུ་གྱེས་དགོས།
(3)རི་སྒང་དང་། མཚོ་འགྲམ། ཆུ་འགྲམ། རྫིང་བུའི་འགྲམ་བཅས་ལ་གཞོལ་གང་ཐུབ་བྱེད་དགོས་ལ། ཁེར་རྐྱང་གི་ཤིང་སྡོང་དང་། ཐོག་འགོག་སྒྲིག་ཆས་མེད་པའི་ཁེར་རྐྱང་གི་འཛུགས་སྐྲུན་དངོས་པོ་ལ་གཞོལ་གང་ཐུབ་བྱེད་པ་དང་། ལྕགས་དྲ་དང་ལྕགས་ར། ལྕགས་རིགས་ཀྱི་ལྭ་གོས་སྐེམ་སའི་གོས་རྡང་གི་འགྲམ་དུའང་ཉེན་ཁ་ཧ་ཅང་ཆེ།
(4)ཐོག་དང་གློག་ཞགས་འཁྱིལ་བའི་གནམ་གཤིས་ཡོད་དུས་ཐང་སྟོང་དུ་འགྲོ་མི་རུང་ལ། ཕྱི་ལ་འགྲོ་བའི་སྐབས་སུ་སྤོས་འགྱིག་གི་རྒྱུ་ཆ་སོགས་ཀྱིས་གྲུབ་པའི་ཆུས་མི་སྦངས་བའི་ཆར་ལྭ་གྱོན་དགོས་པ་དང་། ཕྱུགས་ཟོག་གམ་ལྕགས་རྟའི་སྟེང་དུ་ཞོན་ནས་འགྲོ་མི་རུང་ལ། ལྕགས་རིགས་ཀྱིས་ལས་བའི་ཆར་གདུགས་སྤྱོད་མི་རུང་། ལྕགས་རིགས་ཀྱིས་གྲུབ་ཡོད་པའི་ལག་ཆ་དཔེར་ན་ལྕགས་ཁེམ་དང་འཇོར་སོགས་ཀྱང་ཕྲག་ཏུ་ཁུར་མི་རུང་།
(5)མི་ལ་ཐོག་གིས་མ་བརྒྱབ་པའི་སྔོན་དུ། གློ་བུར་དུ་མགོའི་སྐྲ་འགུལ་བའམ་ངོ་པགས་འདར་བའི་ཚོར་བ་འབྱུང་། སྐབས་དེར་མྱུར་དུ་ས་ལ་འགྱེལ་དགོས་པ་དང་། ཡང་ན་དམའ་ལ་ཅུང་རྐོ་བའི་སར་ཙོག་པུར་བསྡད་ནས་རྐང་བ་གཉིས་མཉམ་དུ་བསྡམས་པ་དང་། ལག་པ་གཉིས་པུས་མོར་འཁྱུད་པ། མགོ་སྒུར་ནས་རང་ཉིད་ཀྱི་ལུས་གཟུགས་ཕྱིར་མངོན་པ་ཇེ་ཆུང་དུ་གཏོང་དགོས།
(6)གལ་ཏེ་ཐོག་ཆར་འབབ་དུས་ཁྱེད་རང་ཁང་པའི་ནང་བསྡད་ནས་སྐྱོན་ཅི་ཡང་མི་ཡོང་སྙམ་ནའང་ཁྱེད་ཀྱིས་ངེས་པར་དུ་སྒོ་དང་སྒེའུ་ཁུང་ཡག་པོ་བརྒྱབ་སྟེ། ལྒང་བུའི་དབྱིབས་ཅན་གྱི་ཐོག་ཞགས་ཁང་པའི་ནང་འཛུལ་བར་སྔོན་འགོག་བྱེད་དགོས། བརྙན་འཕྲིན་གྱི་ཕྱི་རོལ་གནམ་སྐུད་ཐོག་ཆར་འབབ་དུས་བརྙན་འཕྲིན་དང་ཁ་བྲལ་ནས་ས་སྦྲེལ་སྐུད་པ་དང་སྦྲེལ་དགོས་ལ། གློག་ཆས་བཀོལ་སྤྱོད་བྱེད་མཚམས་འཇོག་གང་ཐུབ་བྱེད་པ་དང་གློག་སྦྲེལ་མཚམས་འཇོག་དགོས། ལག་ཁྱེར་ཁ་པར་སོགས་རྒྱག་མི་ཉན་ལ། ཁང་བའི་ནང་གི་ལྕགས་རིགས་སྒྲིག་ཆས(དཔེར་ན་དྲོད་རླངས་སྦུག་གུ་དང་རང་འབབ་ཆུའི་སྦུག་གུ། ས་འོག་དུ་འཐེན་པའི་སྦུག་གུ།)ལ་བཅར་མི་རུང་བ་དང་། བརླན་བཤེར་ཆེ་བའི་གྱང་ལའང་བཅར་མི་རུང་།
避免雷击灾害:
(1)远离建筑物的避雷针及其接地引下线,这样做是为了防止雷电反击和跨步电压伤人。
(2)远离各种天线、电线杆、高塔、烟囱、旗杆,如有条件,应进入有防雷设施的建筑物或金属壳的汽车、船只,但帆布的篷车、拖拉机、摩托车等在雷雨发生时是比较危险的,应尽快远离。
(3)尽量离开山丘、海滨、河边、池塘边,尽量远离孤立的树木和没有防雷装置的孤立建筑物,铁围栏、铁丝网、金属晒衣绳边也很危险。
(4)雷雨天气尽量不要在旷野行走,外出时应穿塑料材质等不浸水的雨衣,不要骑在牲畜上或自行车上行走;不要用金属杆的雨伞,不要把带有金属杆的工具如铁锹、锄头扛在肩上。
(5)人在遭受雷击前,会突然有头发竖起或皮肤颤动的感觉,这时应立刻躺倒在地,或选择低洼处蹲下,双脚并拢,双臂抱膝,头部下俯,尽量降低自身位势、缩小暴露面。
(6)如果雷雨天气你待在室内,并不表示万事大吉,你必须关好门窗,防止球形雷窜入室内造成危害;把电视机室外天线在雷雨天与电视机脱离,而与接地线连接;尽量停止使用电器,拔掉电源插头;不要打电话和使用手机;不要靠近室内金属设备(如暖气片、自来水管、下水管);不要靠近潮湿的墙壁。
གཉིས། གནོད་འཚེ་སྔོན་འགོག་གི་ཁ་རྒྱུན། 防灾顺口溜
(1)མེ་སྐྱོན།火灾མེ་སྐྱོན་བྱུང་ན་དུ་བས་བདུག་པར་སྐྲག །ལག་ཕྱིས་རློན་པ་བྱས་ཏེ་ཁ་སྣ་བཏུམ། །ལུས་སྟེང་མེ་ཤོར་ས་ལ་འགྲེ་ལོག་རྒྱོབ། །གློག་གི་སྐས་སུ་མི་འདུག་ཐང་ལ་རྒྱུགས། །ཉི་ཁྱམས་ཡོད་སར་ཐག་པའི་རྡང་ལས་ཤུད། །ཐོག་ཁང་ལས་མཆོངས་ཤི་རྨས་ཚབས་ཆེན་འབྱུང་། །
火灾起,怕烟熏,鼻口捂住湿毛巾,身上起火地上滚,不乘电梯往下奔,阳台滑下捆绳索,盲目跳楼会伤身。
洪水猛,高处行,土房顶上待不成,睡床桌子扎木筏,大树能栓救命绳,准备食物手电筒,穿暖衣服度险情。
(3)འདམ་རྡོའི་ཆུ་རུད།泥石流དྲག་ཆར་བབས་ཚེ་འདམ་རྡོའི་ཆུ་རུད་འབྱུང་། །ཉེན་ཁ་ཡོད་ས་ལུང་བའི་སྨད་རྒྱུད་ཡིན། །བྲོས་བྱོལ་བྱེད་ན་ལུང་ཤུར་འདེད་མི་རུང་། །རི་བོར་འཕྲེད་དུ་འགོས་ནས་རི་རྩེར་འཛེག །ཕྱི་ནས་སྒར་རྒྱག་ལུང་ཤུར་འདེམས་མི་རུང་། །རི་གསེབ་མྱུལ་དུས་ངེས་པར་གནམ་གཤིས་ལྟོས། །
下暴雨,泥石流,危险处地是下游,逃离别顺沟底走,横向快爬上山头,野外宿营不选沟,进山一定看气候。
(4)ཐོག་འཕེན་པ།雷击ཆར་པ་འབབ་དུས་ཐོག་དང་གློག་ཞགས་ཡོད། །ཆར་གཞོལ་བྱེད་ན་ཤིང་སྡོང་རྩར་མི་འདུག །ལྕགས་མདོང་གློག་སྐུད་ཡོད་སར་གནས་མི་བཅའ།།ཐོག་ལ་ཁྱིམ་ཚང་གིས་ཀྱང་སྔོན་འགོག་བྱོས། །སྒོ་དང་སྒེའུ་ཁུང་བརྒྱབ་ནས་གློག་སྒོ་ཆོད། །གློག་ཞགས་ཁྱིམ་དུ་འཛུལ་བར་གཡོལ་ཐབས་བྱོས། །
阴雨天,生雷电,避雨别在树下站,铁塔线杆要离远,打雷家中也防患,关好门窗切电源,避免雷火屋里窜。
(5)དྲག་ཆར།暴雪དྲག་ཆར་རླུང་བུ་འཚུབ་དུས་དལ་གྱིས་རྒྱུགས། །རླུང་ཕྱོགས་བསྟུན་ནས་གོམ་པའི་མཚམས་མི་འཇོག །ལུས་པོ་ཧྲེང་ནས་འཁེངས་ན་ཚོར་བ་མེད། །མེ་དྲོད་བརྟེན་ནས་ཚ་དྲོད་བསྐྱེད་མི་རུང་། །གངས་རོམ་ལུས་ཕུར་ཁྲག་གི་འཁོར་སྐྱོད་སྙོམས། །དལ་མོར་ཚ་དྲོད་བསྐྱེད་ན་ཡག་པོ་འབྱུང་། །
暴雪天,人慢跑,背着风向别停脚,身体冻僵无知觉,千万不能用火烤,冰雪搓洗血循环,慢慢温暖才见好。
(6)རླུང་འཚུབ་དྲག་པོ། 龙卷风རླུང་གི་འཚུབ་མ་དྲག་པོ་གཡུག་པའི་ཚེ། །ས་དོང་ཡོད་སར་ནང་དུ་འཛུལ་ན་ལེགས། །ཁང་བའི་སྒོ་དང་སྒེའུ་ཁུང་རྩར་མི་གཞའ། །གློག་ཁུངས་ཆུ་སྒོ་ཚང་མ་བརྟན་པོར་རྒྱོབ། །ཕྱི་རོལ་ཡུལ་ནས་གཤོང་སར་ཁ་སྦུབ་ཉལ། །རླངས་འཁོར་ནང་ནས་གཞའ་བ་བདེ་འཇགས་མིན། །
龙卷风,强风暴,一旦袭来进地窖,室内躲避离门窗,电源水源全关掉,室外趴在低洼地,汽车里面不可靠。
(7)རིམས་ནད། 疫情རིམས་ནད་བྱུང་ཚེ་སྣང་མེད་བྱེད་མི་རུང་། །འགོས་ནད་སྔོན་འགོག་ཞིབ་ཚགས་ལེགས་པོ་བྱོས། །འགོས་ནད་ཅན་ལ་འཕྲད་ཚེ་རིང་དུ་གྱེས། །མཁའ་དབུགས་གཙང་བཟོ་ཟས་ཆས་དུག་སེལ་བྱ། །འགོས་ནད་ཕོག་ན་སྔོན་ནས་སྨན་བཅོས་བྱེད། །སྤྱི་པའི་འདུ་རར་ཉུང་ཙམ་མྱུལ་ན་ལེགས། །
对疫情,别麻痹,预防传染做仔细,发现患者即隔离,通风消毒餐用具,人受感染早就医,公共场所要少去。
(8)རྫས་འགྱུར་འགོག་ཐབས། 防化རྫས་འགྱུར་དངོས་བོར་ཉེན་ཁ་ཧ་ཅང་ཆེ། །སྙིགས་མར་འཕང་བའི་དངོས་པོ་འཐུ་མི་རུང་། །མེ་དང་དུ་བ་དུག་རླངས་སྔོན་འགོག་བྱེད། །དོན་རྐྱེན་བྱུང་སར་ཉེན་བརྡའི་གསལ་བཤད་བྱོས། །སྐྱེལ་འདྲེན་རྫས་འགྱུར་ཤོར་ལ་རིང་དུ་གྱེས། །རླུང་གི་ཁ་གཏད་གནས་ནས་འདུག་མི་རུང་། །
化学品,有危险,遗弃物品不要捡,预防烟火燃毒气,报警说明出事点,运输泄漏别围观,人在风头要离远。
མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་སྒྱུར་སྒྲིག་བྱས།
海北州民族语言文字工作中心编译