海西市
政策通知公告

藏汉双语|新型冠状病毒肺炎防控知识相关问题解答(三)

2022/08/28 1.4w 阅读 85 点赞

‍新型冠状病毒肺炎防控知识相关问题解答(三)


一、核酸采样前有何注意事项?
48小时内接种过新冠病毒疫苗的人员暂缓采样;请提前注册并登录采样码,准备好身份证,携带备用口罩、免洗手消毒液或消毒湿巾就近选择检测点。注意:前往排队时保持2米社交距离,全程正确佩戴口罩;采样前2小时避免进食,采样前30分钟不要吸烟饮酒和咀嚼口香糖,以免影响检测结果。
二、什么是新冠病毒抗原检测?
新冠病毒抗原和病毒核酸一样,都是病毒自带的特定物质。核酸是病毒的遗传物质RNA,抗原是包裹在病毒核酸外的一层外壳蛋白,比如刺突蛋白(S蛋白)和衣壳蛋白(N蛋白)等,就像是病毒外面穿的“衣服”。一般来说,可以通过检测病毒核酸、抗原及人体在感染后产生的特异性抗体,来判定是否感染了新冠病毒。抗原检测和核酸检测一样,能够判断人体是否感染了新冠病毒。
三、抗原检测和核酸检测的区别是什么?
首先,二者的检测对象不一样。打个比方,如果把新冠病毒看作一个西瓜,核酸检测测的是西瓜子(RNA),抗原检测测的是西瓜皮(外壳蛋白)。其次,两种检测方法各有优缺点。抗原检测的优点是简单、快速,10-15分钟可出结果,个人可以自检,有利于对疑似人群进行早期分流和快速管理。缺点是敏感性稍差,不如核酸检测敏感性高。但核酸检测需要配备专门的仪器,经过专业培训的人员才能操作,获取结果时间长,至少需要2-3个小时。目前,核酸检测仍然是新冠病毒感染的确诊依据,抗原检测可以作为核酸检测的补充。如核酸检测结果阳性,不论抗原检测结果是阳性还是阴性,均应按照新冠病毒感染者或新冠肺炎确诊患者采取相应措施;如核酸检测结果阴性,但抗原检测结果阳性,则视同新冠病毒感染者,通过集中隔离等措施密切观察,连续进行核酸检测。不能仅将抗原检测结果阳性作为新冠病毒感染的判定依据。
四、为什么要开展新冠病毒抗原检测?
目前流行的奥密克戎毒株,具有传染性高、隐匿性强的特点,导致无症状感染者较多。抗原检测的优点是操作简单、快速,方便进行自我检测。将其作为核酸检测的重要补充,可进一步提高“早发现”的能力,在第一时间把可能的感染者筛查出来,有助于及时控制传染源。
海北州卫健委2022年8月28日‍

པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་སྡོམ་ཤེས་བྱའི་དྲི་བ་དྲིས་ལན། (གསུམ )

གཅིག ཉིང་སྐྱུར་མ་དཔེ་ལེན་པའི་སྔོན་ལ་དོ་སྣང་བྱེད་དགོས་པའི་དོན་ཚན་གང་དག་ཡོད།

ཆུ་ཚོད48ནང་པྲོག་གསར་ནད་དུག་གི་འགོག་ཁབ་བརྒྱབ་ཟིན་པའི་མི་སྣས་མ་དཔེ་ལེན་པ་ཕྱིར་འགྱངས་བྱེད་དགོས། ཡར་སྔོན་ནས་མ་དཔེ་ལེན་པའི་རྟགས་རིས་ཐོ་འགོད་བྱེད་པ་དང་། ཐོབ་ཐང་ལག་ཁྱེར་གྲ་སྒྲིག་ཡག་པོ་བྱས་ཏེ། སྤྱད་གྲབས་ཁ་ཐུམ་དང་ལག་པ་བཀྲུ་མི་དགོས་པའི་དུག་སེལ་གཤེར་ཁུ། དུག་སེལ་ལག་ཕྱིས་བཅས་འཁྱེར་ནས་ཐག་ཉེ་སའི་བཤེར་འཇལ་ས་ཚིགས་སུ་འགྲོ་དགོས། དོ་སྣང་བྱེད་དགོས་པ་ཞིག་ནི། གྲལ་སྒྲིག་སྐབས་བར་ཐག་སྨི་གཅིག་རྒྱུན་འཁྱོངས་བྱས་ཏེ་བརྒྱུད་རིམ་ཧྲིལ་པོར་ཁ་ཐུམ་ཡག་པོར་རྒྱག་དགོས། མ་དཔེ་མ་བླངས་པའི་སྔོན་གྱི་དུས་ཚོད་གཉིས་ཀྱི་ནང་ཟ་མ་མི་ཟ་བ་དང་། མ་དཔེ་མ་བླངས་པའི་སྔོན་གྱི་སྐར་མ30ཡི་ནང་ཐ་མག་མི་འཐེན་པ་དང་ཆང་མི་འཐུང་བ། ཁ་མངར་ཐང་ཆུ་མི་ལྡད་པ་བཅས་བྱས་ཏེ་བརྟག་འཇལ་མཇུག་འབྲས་ལ་གནོད་པ་བྱེད་མི་ཉན།

གཉིས། ཅི་ཞིག་ལ་པྲོག་གསར་ནད་དུག་གི་འགོག་ཟུངས་བཤེར་འཇལ་ཟེར།

པྲོག་གསར་ནད་དུག་གི་འགོག་ཟུངས་ནི་ནད་དུག་ཉིང་སྐྱུར་དང་འདྲ་བར། གཉིས་ཀ་ནད་དུག་མ་གཞི་ནས་ཡོད་པའི་དམིགས་བསལ་གྱི་དངོས་པོ་ཞིག་ཡིན། ཉིང་སྐྱུར་ནི་ནད་དུག་གི་རྒྱུད་འཛིན་དངོས་རྫསRNAཡིན་པ་དང་། འགོག་ཟུངས་ནི་ནད་དུག་ཉིང་སྐྱུར་ཕྱིའི་ཕྱི་ཤུན་སྤྲི་དཀར་རིམ་པ་ཞིག་ཡིན། དཔེར་ན་འཛེར་འབུར་སྤྲི་དཀར(Sསྤྲི་དཀར)དང་ཕྱི་ཤུན་སྤྲི་དཀར(Nསྤྲི་དཀར)སོགས་ལྟ་བུར་ནད་དུག་གི་ཕྱི་རོལ་དུ་གྱོན་པའི“གྱོན་ཆས”དང་འདྲ། སྤྱིར་བཏང་དུ་བཤད་ན། ནད་དུག་གི་ཉིང་སྐྱུར་དང་འགོག་ཟུངས། དེ་མིན་མིའི་ལུས་ཕུང་ལ་འགོས་རྗེས་བྱུང་བའི་དམིགས་གསལ་རང་བཞིན་གྱི་འགོག་གཟུགས་བཅས་ལ་བཤེར་འཇལ་བྱས་པ་བརྒྱུད། པྲོག་གསར་ནད་དུག་འགོས་ཡོད་མེད་ཐག་གཅོད་བྱེད་ཐུབ། འགོག་ཟུངས་བཤེར་འཇལ་ནི་ཉིང་སྐྱུར་བཤེར་འཇལ་དང་འདྲ་བར་མིའི་ལུས་ཕུང་ལ་པྲོག་གསར་ནད་དུག་འགོས་ཡོད་མེད་བརྡར་ཤ་གཅོད་ཐུབ།

གསུམ། འགོག་ཟུངས་བཤེར་འཇལ་དང་ཉིང་སྐྱུར་བཤེར་འཇལ་གྱི་ཁྱད་པར་ཅི་ཡིན།

ཐོག་མར་དེ་གཉིས་ཀྱི་བཤེར་འཇལ་བྱ་ཡུལ་མི་འདྲ། དཔེར་ན། གལ་ཏེ་པྲོག་གསར་ནད་དུག་ཆུ་ཀུབ་ཅིག་ཡིན་པའི་དབང་དུ་བཏང་ན། ཉིང་སྐྱུར་བཤེར་འཇལ་གྱིས་འཇལ་བ་ནི་ཆུ་ཀུབ་ཀྱི་འབྲུ་གུRNAཡིན་པ་དང་། འགོག་ཟུངས་བཤེར་འཇལ་གྱིས་འཇལ་བ་ནི་ཆུ་ཀུབ་ཀྱི་ཕྱི་ཤུན(སྤྲི་དཀར)ཡིན། དེ་ནས་བཤེར་འཇལ་བྱེད་ཐབས་རིགས་གཉིས་ཀར་སོ་སོར་དགེ་སྐྱོན་ཡོད། འགོག་ཟུངས་བཤེར་འཇལ་གྱི་ལེགས་ཆ་ནི་སྟབས་བདེ་དང་མགྱོགས་མྱུར་ཡིན་པ་དང་། སྐར་མ10ནས15ཡི་ནང་མཇུག་འབྲས་ཐོན་ཐུབ་ལ། མི་སྒེར་གྱིས་རང་བཤེར་བྱེད་ཆོག་པས། དོགས་ཡོད་མི་ཚོགས་ལ་སྔ་དུས་ཀྱི་ཁག་བགོས་དང་མགྱོགས་མྱུར་དོ་དམ་བྱེད་པར་ཕན་ཐོགས་ཡོད། སྐྱོན་ཆ་ནི་ཚོར་སྐྱེན་རང་བཞིན་ཅུང་ཞན་པ་དང་། ཉིང་སྐྱུར་བཤེར་འཇལ་གྱི་ཚོར་སྐྱེན་རང་བཞིན་ལས་ཞན་པ་ཡོད། འོན་ཀྱང་ཉིང་སྐྱུར་བཤེར་འཇལ་བྱེད་པར་ཆེད་སྤྱོད་ཀྱི་དཔྱད་ཆས་སྒྲིག་སྦྱོར་བྱེད་དགོས་པ་དང་ཆེད་ལས་ཀྱི་གསོ་སྦྱོང་བྱས་པའི་མི་སྣས་གཞི་ནས་བཀོལ་སྤྱོད་བྱེད་ཐུབ། མཇུག་འབྲས་ཐོན་པའི་དུས་ཚོད་རིང་བས་ཉུང་མཐར་ཡང་ཆུ་ཚོད2-3དགོས་ཀྱི་ཡོད། མིག་སྔར་ཉིང་སྐྱུར་བཤེར་འཇལ་ནི་སྔར་བཞིན་པྲོག་གསར་ནད་དུག་འགོས་པ་གཏན་ཁེལ་གྱི་གཞི་འཛིན་ས་ཡིན་པ་དང་། འགོག་ཟུངས་བཤེར་འཇལ་དེ་ཉིང་སྐྱུར་བཤེར་འཇལ་གྱི་ཁ་གསབ་ཏུ་བརྩིས་ཆོག གལ་ཏེ་ཉིང་སྐྱུར་བཤེར་འཇལ་བྱས་འབྲས་གདགས་གཤིས་ཡིན་ན། འགོག་ཟུངས་བཤེར་འཇལ་བྱས་འབྲས་གདགས་གཤིས་དང་སྲིབ་གཤིས་གང་ཡིན་རུང་། ཚང་མར་པྲོག་གསར་ནད་དུག་འགོས་མཁན་ནམ་པྲོག་གསར་གློ་ཚད་གཏན་ཁེལ་གྱི་ནད་པ་ལྟར་དེར་མཐུན་གྱི་བྱེད་ཐབས་སྤྱོད་དགོས། གལ་ཏེ་ཉིང་སྐྱུར་བཤེར་འཇལ་བྱས་འབྲས་སྲིབ་གཤིས་ཡིན་མོད། འོན་ཀྱང་འགོག་ཟུངས་བཤེར་འཇལ་བྱས་འབྲས་གདགས་གཤིས་ཡིན་ན། པྲོག་གསར་ནད་དུག་འགོས་མཁན་དང་འདྲ་བར་གཅིག་བསྡུས་ལོགས་བཀར་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ལྟ་ཞིབ་ནན་མོ་བྱས་ཏེ། བསྟུད་མར་ཉིང་སྐྱུར་བཤེར་འཇལ་བྱེད་དགོས། འགོག་ཟུངས་བཤེར་འཇལ་གྱི་མཇུག་འབྲས་གདགས་གཤིས་ཡིན་པ་དེ་པྲོག་གསར་ནད་དུག་འགོས་པ་ཐག་གཅོད་ཀྱི་གཞི་འཛིན་ས་བྱེད་མི་རུང་།

བཞི། ཅིའི་ཕྱིར་པྲོག་གསར་ནད་དུག་ལ་འགོག་ཟུངས་བཤེར་འཇལ་བྱེད་དགོས།

མིག་སྔར་དར་ཁྱབ་ཆེ་བའི་ཨའོ་སྨི་ཁེ་རོང་དུག་སྡོང་ལ་འགོས་ཁྱབ་རང་བཞིན་མཐོ་བ་དང་སྦས་སྐུང་རང་བཞིན་ཆེ་བའི་ཁྱད་ཆོས་ལྡན་པས། ནད་རྟགས་མེད་པའི་ནད་པ་མང་པོ་ཡོད། འགོག་ཟུངས་བཤེར་འཇལ་གྱི་དགེ་མཚན་ནི་བཀོལ་སྤྱོད་སྟབས་བདེ་དང་མགྱོགས་མྱུར་ཡིན་ལ། རང་ཉིད་ལ་བཤེར་འཇལ་བྱེད་པར་སྟབས་བདེ་བ་བཅས་ཡིན། ཉིང་སྐྱུར་བཤེར་འཇལ་གྱི་ཁ་གསབ་གལ་ཆེན་ཞིག་ཡིན་པའི་ཆ་ནས“སྔ་མོ་ནས་ཤེས་རྟོགས་ཐུབ་པའི”ནུས་པ་སྔར་བས་ཆེ་རུ་བཏང་ཡོད་པ་དང་། འཕྲལ་མར་ནད་འགོས་ཡོད་སྲིད་པའི་ནད་པ་གྲལ་བཤེར་བྱེད་ཐུབ་པས། དུས་ཐོག་ཏུ་མགོ་ཁུངས་ཚོད་འཛིན་བྱེད་པར་ཕན་ཐོགས་ཡོད།

མཚོ་བྱང་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་འདོན་སྤྲོད་བྱས།

མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་བསྒྱུར།

免责声明: 本文信息仅供参考,具体政策以官方最新发布为准。如有疑问,请拨打相关部门咨询电话或前往官方网站查询。

标签:通知公告

评论 (2)

我
苏
苏州市民2026-03-18 15:30

非常实用的信息,感谢分享!

科
科技爱好者2026-03-18 14:20

这篇文章写得很详细,有帮助!