海西市
政策通知公告

藏汉双语丨居家防疫看护儿童请注意这些事项

2022/09/07 2.0w 阅读 474 点赞
居家防疫看护儿童请注意这些事项
正值暑假碰上疫情,只好“宅”在家里。面对疫情,除了注意防护,也要增强孩子的心理“免疫力”。
1.个人防护不能少
勤洗手:帮助儿童养成良好卫生习惯,包括勤洗手、不乱摸、不吃手、不挖鼻孔、不揉眼晴等。外出时避免让儿童直接用手触摸公用物体表面,触摸后需及时洗手。勤通风:儿童的日常生活用品单独使用。房间保持整洁,经常开窗通风,避免长时间停留在空调房间中。戴口罩:准备好儿童专用口罩。儿童患有呼吸道疾病期间,尽量减少外出,如需外出,应正确佩戴口罩。多运动:鼓励儿童多做运动,不挑食不偏食,规律作息,养成良好生活习惯。
2.如何增强孩子的心理“免疫力”?
坦然面对情绪变化,理解和接纳负面情绪:
在疫情压力下,孩子们可能会出现焦虑、恐慌、愤怒和烦躁等各种不良情绪。这是人面对应激事件的正常心理反应,是机体自我保护的体现。越是压抑和否认,就越是容易被情绪支配。面对负面情绪,孩子们不必过于敏感和紧张,也不要否定自己的感受。只有积极理解和接纳负面情绪的存在,才能更好地对情绪进行调节。
学习情绪调整方法:
学会一些简单的心理调节方法,如“深呼吸放松法”“肌肉放松法”等来维持情绪稳定,也可以通过运动、音乐、倾诉来转移注意力,增加积极体验。
开展运动锻炼,保持良好身体状态:
结合自己的兴趣和生活条件,自主选择活动方式,每天开展1小时左右的运动锻炼,如进行垫上俯卧撑、仰卧起坐、平板支撑,还可以跳健身操、转呼啦圈、踢毽子等。适当的运动不仅可以消除疲劳,提高大脑中的血氧含量,而且能够促进大脑活动,既健身又悦心。
控制电子产品使用时间,做到合理有度:
家长可以与孩子确定好双方每天使用手机和网络的时段、时长等,共同遵守你们制定的规则,从每一天做起。

ཁྱིམ་སྡོད་རིམས་འགོག་དང་བྱིས་པར་ལྟ་སྐྱོང་བྱེད་སྐབས་དོན་དག་འདི་དག་ལ་དོ་སྣང་བྱེད་དགོས།

དབྱར་གནང་སྐབས་རིམས་ནད་དང་འཕྲད་པའི་སྐབས་སུ། ཁྱིམ་དུ་འདུག་དགོས་བྱུང་བས། རིམས་ནད་ལ་ཁ་གཏད་ནས་འགོག་སྲུང་ལ་དོ་སྣང་བྱེད་དགོས་པར་མ་ཟད། བྱིས་པའི་སེམས་ཁམས་ཀྱི“རིམས་འགོག་ནུས་པ”ཡང་ཇེ་དྲག་ཏུ་གཏོང་དགོས།

1. མི་སྒེར་གྱི་འགོག་སྲུང་ལྷོད་མི་རུང་།

ལག་པ་ཡང་ཡང་འཁྲུད་དགོས། བྱིས་པར་གཙང་སྦྲའི་གོམས་གཤིས་ལེགས་པོ་ཞིག་ཆགས་སུ་འཇུག་དགོས་ལ། དེའི་ནང་དུ་ལག་པ་ཡང་ཡང་འཁྲུད་པ་དང་། གང་འདོད་དུ་མི་རེག་པ། ལག་པ་ཁ་ནང་དུ་མི་འཇོག་པ། སྣ་ཁུང་དུ་མི་རེག་པ། མིག་མི་འཕུར་པ་སོགས་འདུས། ཕྱི་ལ་འགྲོ་དུས་བྱིས་པར་ཐད་ཀར་དུ་སྤྱི་སྤྱོད་དངོས་པོའི་ཕྱི་ངོས་ལ་རེག་ཏུ་མི་འཇུག་པ་དང་། རེག་རྗེས་མྱུར་དུ་ལག་པ་འཁྲུད་དགོས། རླུང་རྒྱུ་རུ་འཇུག་དགོས། བྱིས་པའི་ཉིན་རྒྱུན་གྱི་འཚོ་བའི་མཁོ་ཆས་ཁེར་རྐྱང་དུ་བཀོལ་དགོས། ཁང་བའི་ནང་གཙང་ཞིང་གྲལ་དག་པ་དང་རྟག་ཏུ་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་རུ་འཇུག་དགོས་ལ། དྲོད་སྙོམས་འཕྲུལ་ཆས་ཡོད་པའི་ཁང་བའི་ནང་ཡུན་རིང་སྡོད་མི་རུང་། ཁ་ཐུམ་རྒྱག་དགོས། བྱིས་པའི་ཆེད་སྤྱོད་ཁ་ཐུམ་གྲ་སྒྲིག་ཡག་པོ་བྱེད་དགོས། བྱིས་པར་དབུགས་ལམ་གྱི་ནད་ཕོག་པའི་སྐབས་སུ་ཕྱི་ལ་འགྲོ་ཚད་ཉུང་དུ་གཏོང་གང་ཐུབ་བྱེད་དགོས་པ་དང་། གལ་ཏེ་ཕྱི་ལ་འགྲོ་དགོས་ཚེ་ཁ་ཐུམ་ཡང་དག་པའི་སྒོ་ནས་རྒྱག་དགོས། ལུས་རྩལ་མང་ཙམ་སྦྱོང་དགོས། བྱིས་པར་ལུས་རྩལ་མང་ཙམ་སྦྱོང་དགོས་པར་སྐུལ་སློང་བྱེད་དགོས་ལ། ཟས་ལ་ཁྱད་པར་མི་ཕྱེ་བར་ཟ་བ་དང་། ཆོས་ཉིད་དང་ལྡན་པའི་སྒོ་ནས་རྩོལ་མལ་བྱེད་དུ་བཅུག་སྟེ་འཚོ་བའི་གོམས་གཤིས་བཟང་པོ་ཞིག་ཆགས་པ་བྱེད་དགོས།

2.བྱིས་པའི་སེམས་ཁམས་ཀྱི“རིམས་འགོག་ནུས་པ”ཇི་ལྟར་ཇེ་དྲག་ཏུ་གཏོང་དགོས།

སེམས་ཁམས་ཀྱི་འགྱུར་ལྡོག་ལ་ཁ་གཏད་དེ་ལྡོག་ཕྱོགས་ཀྱི་བསམ་ཚུལ་ལ་རྒྱུས་ལོན་དང་དང་ལེན་བྱེད་དགོས།རིམས་ནད་ཀྱི་གནོན་ཤུགས་འོག་བྱིས་པར་སེམས་ཁྲལ་དང་འཇིགས་སྣང་། ཁོང་ཁྲོ་ལངས་པ། སུན་སྣང་སོགས་ཀྱི་བསམ་ཚུལ་ངན་པ་སྣ་ཚོགས་འབྱུང་སྲིད། འདི་ནི་མི་ཡིས་ཟུག་ཚོར་དོན་རྐྱེན་ལ་ཁ་གཏད་འཇལ་བའི་རྒྱུན་ལྡན་གྱི་སེམས་ཚོར་ཡིན་ལ། ལུས་ཁམས་ཀྱིས་རང་ཉིད་ལ་སྲུང་སྐྱོབ་བྱེད་པའི་མཚོན་ཚུལ་ཡང་ཡིན། བཟོད་བསྲན་དང་ཁས་མི་ལེན་པ་ཇི་ཙམ་བྱས་ན་དེ་ཙམ་གྱིས་ངན་ཕྱོགས་ཀྱི་སེམས་ཁམས་འབྱུང་སླ། སེམས་ཁམས་མི་བདེ་བར་ཁ་གཏོད་དུས་བྱིས་པ་ཚོ་ཚོར་བ་སྐྱེན་པོ་དང་བྲེལ་འཚུབ་ཆེན་པོ་ལངས་མི་དགོས་ལ། རང་ཉིད་ཀྱི་མྱོང་ཚོར་ཡང་ཁས་མི་ལེན་པ་བྱེད་མི་དགོས། སེམས་ཁམས་མི་བདེ་བའི་བསམ་ཚུལ་ཡོད་པར་རྒྱུས་ལོན་དང་དང་ལེན་བྱས་ན། ད་གཟོད་སྔར་ལས་ལེགས་པའི་སྒོ་ནས་སེམས་ཁམས་སྙོམས་སྒྲིག་བྱེད་ཐུབ།

སེམས་ཁམས་སྙོམས་སྒྲིག་གི་བྱེད་ཐབས་ལ་སློབ་སྦྱོང་བྱེད་པ།

སེམས་ཁམས་སྙོམས་སྒྲིག་གི་སྟབས་བདེའི་བྱེད་ཐབས་འགའ་ཤེས་དགོས་ཏེ། དཔེར་ན། “དབུགས་འབྱིན་རྔུབ་བྱས་ཏེ་ལྷོད་ལ་འབབ་པའི་བྱེད་ཐབས”དང“ཤ་གནད་ལྷོད་ལ་འབབ་པའི་བྱེད་ཐབས”སོགས་ལྟ་བུ་ལ་བརྟེན་ནས་སེམས་ཁམས་སྙོམས་སྒྲིག་ཡོང་བར་བྱེད་པ་དང་། ཡང་ན་འགུལ་སྐྱོད་དང་རོལ་དབྱངས། སེམས་གཏམ་ཤོད་པ་བཅས་ལ་བརྟེན་ནས་སེམས་འཁོར་ཕྱོགས་བསྒྱུར་ཏེ་དགེ་མཚན་ལྡན་པའི་མྱོང་ཚོར་ཇེ་མང་དུ་བཏང་ཆོག

ལུས་རྩལ་སྦྱོང་བརྡར་བྱས་ནས་ལུས་ཕུང་གི་བདེ་ཐང་སྲུང་འཛིན་བྱེད་དགོས།

རང་ཉིད་ཀྱི་དགའ་ཕྱོགས་དང་འཚོ་བའི་ཆ་རྐྱེན་ལ་ཟུང་འབྲེལ་བྱས་ཏེ། རང་རྟོགས་སྒོས་བྱེད་སྒོ་སྤེལ་སྟངས་གདམ་ག་བྱས་ནས་ཉིན་རེར་ཆུ་ཚོད་གཅིག་ཙམ་ལ་ལུས་རྩལ་སྦྱོང་བརྡར་བྱེད་དགོས། དཔེར་ན། གདན་ཐོག་ཏུ་ཁ་སྦུབ་ཏུ་ལུས་སྦྱོང་བྱེད་པ་དང་། གན་རྐྱལ་ལངས་ཙོག་བཅས་བྱེད་པ་མ་ཟད། ད་དུང་ལུས་སྦྱོང་ལུས་རྩལ་དང་། སྐེད་སྐོར་སྐོར་བ། ཐེ་པེད་རྒྱག་པ་སོགས་བྱེད་ཆོག འགུལ་སྐྱོད་འོས་འཚམ་བྱས་ན་ངལ་དུབ་སེལ་ཐུབ་ལ། ཀླད་པའི་ནང་གི་ཁྲག་དབྱང་འདུས་ཚད་ཇེ་མཐོར་གཏོང་ཐུབ་པར་མ་ཟད། ཀླད་པའི་འགུལ་སྐྱོད་ལ་སྐུལ་འདེད་བྱེད་ཐུབ་པས། ལུས་ཕུང་སྦྱོང་བརྡར་བྱེད་ཐུབ་ལ་སྤྲོ་སྣང་ཡང་བསྐྱེད་ཐུབ།

གློག་རྡུལ་ཐོན་རྫས་བཀོལ་སྤྱོད་བྱེད་པའི་དུས་ཚོད་ཚོད་འཛིན་བྱེད་ཅིང་ལུགས་མཐུན་ཚད་ལྡན་ཡིན་དགོས།

ཁྱིམ་བདག་གིས་བྱིས་པ་དང་མཉམ་དུ་ཉིན་རེར་ཁ་པར་དང་དྲ་ཞུགས་དུས་ཚོད། དུས་ཡུན་སོགས་གཏན་ཁེལ་ཡག་པོ་བྱེད་པ་མ་ཟད། རང་ཉིད་ཀྱིས་གཏན་ཁེལ་བྱས་པའི་སྒྲིག་སྲོལ་ལ་མཉམ་དུ་བརྩི་སྲུང་ཞུས་ནས་ཉིན་རེར་སྒྲུབ་ཐུབ་པ་བྱེད་དགོས།


མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་བསྒྱུར།

2022ལོའི་ཟླ9ཚེས6ཉིན།

免责声明: 本文信息仅供参考,具体政策以官方最新发布为准。如有疑问,请拨打相关部门咨询电话或前往官方网站查询。

标签:通知公告

评论 (2)

我
苏
苏州市民2026-03-18 15:30

非常实用的信息,感谢分享!

科
科技爱好者2026-03-18 14:20

这篇文章写得很详细,有帮助!